Long-Life Prayer for Patrick Gaffney—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།ཨ་ལགས་གཟན་དཀར་རིན་པོ་ཆེ།

English | Deutsch | Español | Français | Italiano | Nederlands | བོད་ཡིག

ཨ་ལགས་གཟན་དཀར་རིན་པོ་ཆེ།

Patrick Gaffney

Further information:
Download this text:

༄༅། །ཕ་ཁྲིགས་ཡེ་ཤེས་དབང་རྒྱལ་གྱི་ཞབས་བརྟན་གསོལ་འདེབས།

 

ཕ༵་མཐའ་ཡས་པའི་ཚེ་དང་ཡེ༵་ཤེ༵ས་ཀྱི། །

མཆོག་སྦྱིན་ཡིད་བཞིན་དབ༵ང་རྒྱ༵ལ་ལྷ་ཚོགས་ཀྱིས། །

འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ། །

ཁྲི༵གས་ཆགས་རྒྱུན་མི་འཆད་པར་སྩལ་དུ་གསོལ། །

 

ཞེས་པ་འདི་ནི་བདག་གི་ཁྱིམ་མཚེས་དྲིན་ཅན་ནི་ན་ལགས་ཀྱིས་སྐུ་ཞབས་ཕ་ཁྲིགས་ཡེ་ཤེས་དབང་རྒྱལ་ལགས་ཀྱི་སྐུ་ཚེ་བརྟན་པའི་སྨོན་ཚིག་ཅིག་བྲིས་ཤིག་ཅེས་ནན་གྱིས་བསྐུལ་བའི་ངོར་ཕྲན་ཐུབ་བསྟན་ཉི་མས་ཇི་ལྟར་སྨོན་པ་དེ་བཞིན་ཡོངས་སུ་འགྲུབ་པའི་མཐུན་འགྱུར་མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབ་པར་མཛད་དུ་གསོལ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept