Supplication to Noble Tārā—Tibetan

Deities › Tārā | Practices › Prayers | བོད་ཀྱི་བླ་མ།ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།

English | བོད་ཡིག

ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།

White Tārā

Further information:
Download this text:

༄༅། །རྗེ་བཙུན་སྒྲོལ་མའི་གསོལ་འདེབས་བསྡུས་པ་བཞུགས།

 

ཨོཾ་རྗེ་བཙུན་སྒྲོལ་མ་ཐུགས་རྗེ་ཅན། །

སྐུ་མདོག་དཀར་མོ་འོད་འཕྲོ་མ། །

རབ་མཛེས་མདངས་ལྡན་ཡིད་འོང་མ། །

བདག་ནི་ནད་གདོན་དགྲ་གྱོད་དང་། །

འཁོར་བ་ངན་སོང་བར་དོ་སོགས། །

འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །

ཚེ་རིང་ལུས་སེམས་བདེ་བ་དང་། །

བསམ་པའི་དོན་ཀུན་འགྲུབ་པ་དང་། །

ཟས་གོས་ལོངས་སྤྱོད་རྒྱས་གྱུར་ཏེ། །

རྟག་ཏུ་ཆོས་ལ་སྤྱོད་པར་ཤོག །

རྒྱལ་ཡུམ་སྒྲོལ་མའི་ཞལ་མཐོང་ནས། །

རྒྱལ་བའི་སྲས་སུ་བདག་གྱུར་ཅིག །

རྒྱལ་བའི་དགོངས་པ་རྟོགས་གྱུར་ཏེ། །

རྒྱལ་བ་རྣམས་དང་སྐལ་མཉམ་ཤོག །

 

ཅེས་པའང་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སོ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept