Prayer to Swiftly Fulfil All Wishes—Tibetan

Practices › PrayersGuru Rinpoche Prayers | Deities › Guru Padmasambhava | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

English | བོད་ཡིག

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Further information:
Download this text:

༄༅། །གསོལ་འདེབས་འདོད་དོན་མྱུར་འགྲུབ་བཞུགས་སོ།

 

ཨོཾ་སྭ་སྟི།

ཕྱོགས་དུས་རྩ་གསུམ་རྒྱལ་བའི་ཡེ་ཤེས་སྐུ། །

དྲན་པས་འདོད་དོན་ཀུན་སྩོལ་གུ་རུ་རྗེ། །

སྙིགས་དུས་བསྟན་དང་འགྲོ་བ་མཐའ་དག་ལ། །

སྐྱོབ་པའི་མཁྱེན་བརྩེ་ནུས་པ་རྩལ་སྤྲུགས་མཛོད། །

 

རྒྱལ་བསྟན་རིན་ཆེན་སྙིང་པོའི་སྲོག་འཛིན་ཅིང༌། །

དགེ་ལེགས་སྣང་བས་དུས་ཀྱི་རྒུད་བསལ་ཕྱིར། །

ཞིང་མཆོག་པདྨ་འོད་ཀྱི་གནྡྷོ་ལ། །

དབྱིག་འཛིན་མཛེས་པའི་རྒྱན་དུ་མྱུར་འཆར་མཛོད། །

 

ཕྱི་ནང་བར་ཆད་བདུད་དགྲའི་འཚེ་བ་ཞི། །

མཐུན་རྐྱེན་འདོད་དགུ་དཀར་ཕྱོགས་ལྷ་མིས་བསྒྲུབས། །

རྡོ་རྗེའི་བྱིན་ཆེན་མ་ཧཱ་གུ་རུ་ཡིས། །

མངོན་སུམ་བསྩལ་ནས་མྱུར་དུ་འགྲུབ་པར་མཛོད། །

 

ཅེས་པའང་རྣམ་པར་དཀར་བའི་ཐུགས་སྨོན་ཅན་ཤར་པ་ཚེ་རྣམ་ནས་ལྷ་རེག་བཅས་ཆེད་དུ་བསྐུལ་ལྟར་པདྨའི་རྗེས་འཇུག་གར་དབང་འོད་གསལ་མདོ་སྔགས་བདེ་ཆེན་གླིང་པས་སྐྱབས་གནས་རྒྱ་མཚོའི་ཐུགས་དམ་བསྐུལ་བའི་སྨོན་ཚིག་ཏུ་སྤེལ་བས་ཆོས་ལྡན་གྱི་ཐུགས་བཞེད་མྱུར་དུ་འགྲུབ་པའི་རྟེན་འབྱུང་དུ་གྱུར་ཅིག །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept