Prayer to the Three Great Stūpas—Tibetan

Practices › Pilgrimage | Places › Nepal | བོད་ཀྱི་བླ་མ།བདུད་འཇོམས་རིན་པོ་ཆེ།

English | བོད་ཡིག

བདུད་འཇོམས་རིན་པོ་ཆེ།

Svayambhū stūpa

Further information:
Download this text:

༄༅། །མཆོད་རྟེན་རྣམ་གསུམ་ལ་གསོལ་འདེབས་བཞུགས།།

 

ཉེ་བའི་ཚནྡྷོ་བལ་ཡུལ་གླང་རུའི་སྤོར། །

འདས་པའི་རྒྱལ་ཀུན་བྱིན་རླབས་སྐུ་གདུང་བྱོན། །

ངོ་མཚར་འཕགས་པ་ཤིང་ཀུན་ཞེས་གྲགས་པའི། །

རང་བྱུང་མཆོད་རྟེན་ཆེན་པོ་ལ་གསོལ་བ་འདེབས། །

 

ཐུབ་དབང་རྒྱལ་བུ་སྙིང་སྟོབས་ཅན་གྱུར་ཚེ། །

སྟག་མོ་བཀྲེས་པར་རང་གི་སྐུ་ལུས་བྱིན། །

གནས་དེར་བྱང་ཆུབ་སྤྱོད་པའི་སྐུ་གདུང་བྱོན། །

བྱང་ཆུབ་མཆོད་རྟེན་ཆེན་པོ་ལ་གསོལ་བ་འདེབས། །

 

བྱ་རྫི་མས་བཞེངས་བུ་བཞིས་ལས་འཕྲོ་བསྐྱངས། །

ཐུགས་བསྐྱེད་ཇི་བཞིན་གངས་ཅན་གདུལ་བྱར་བཟུང་། །

སྨོན་ལམ་ཡོངས་གྲུབ་བྱ་རུང་ཁ་ཤོར་གྲགས། །

མཐོང་གྲོལ་མཆོད་རྟེན་ཆེན་པོ་ལ་གསོལ་བ་འདེབས། །

 

འབྲེལ་ཚད་དོན་ལྡན་མཆོད་རྟེན་རྣམ་གསུམ་ལ། །

གུས་པས་ཕྱག་མཆོད་བསྐོར་བའི་བསོད་ནམས་ཀྱིས། །

བདག་གཞན་ལས་ངན་སྡིག་སྒྲིབ་ཡོངས་བྱང་ནས། །

རྣམ་གྲོལ་བྱང་ཆུབ་འབྲས་བཟང་མྱུར་ཐོབ་ཤོག །

 

ཅེས་པའང་རང་སློབ་སྒྲུབ་བརྩོན་རིག་བཟང་རྡོ་རྗེས་བསྐུལ་བས། ཤཱཀྱའི་དགེ་བསྙེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྟེན་མཆོག་འདི་དག་གི་དྲུང་དུ་སེམས་བསྐྱེད་པའི་སྐབས་སུ་བྲིས་པ་དོན་ལྡན་དུ་གྱུར་ཅིག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept