Prayer to Buddha Amitābha—Tibetan

Amitābha & Sukhāvatī | Tibetan MastersFifteenth Karmapa

English | བོད་ཡིག

Fifteenth Karmapa

Amitābha, Buddha of Boundless Light

Further Information:

༈ འོད་དཔག་མེད་ལ་གསོལ་འདེབས།

རྒྱལ་ཀུན་སྤྱི་གཟུགས་ཆོས་སྐུ་འོད་མཐའ་ཡས། །

ཐུགས་རྗེའི་རང་རྩལ་མགོན་པོ་སྤྱན་རས་གཟིགས། །

སྐྱབས་གནས་མཐར་ཐུག་མཆོག་ལ་གསོལ་བ་འདེབས། །

བདག་དང་མཁའ་མཉམ་མ་རྒན་སེམས་ཅན་རྣམས། །

ཚེ་འདིར་མི་འདོད་རྐྱེན་ཞི་ལེགས་ཚོགས་རྒྱས། །

སྡིག་བྲལ་ཡོན་ཏན་བརྒྱད་དང་དགེ་བཅུ་འབྱོར། །

ཕྱི་མར་བདེ་ཆེན་དག་པའི་ཞིང་དུ་བགྲོད། །

ལུས་རྟེན་དེ་ལ་བྱང་ཆུབ་མཆོག་ཐོབ་ནས། །

མཐའ་ལས་འགྲོ་བ་འདྲེན་ལ་མགོན་ཁྱེད་དང་། །

མཉམ་པའི་མཐུ་དབང་ཐོབ་པར་བྱིན་གྱིས་རློབས། །

ཞེས་རྩེ་གཅིག་པའི་ཡིད་ཀྱིས་གསོལ་འདེབས་ཤིང་།

ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ

ཞེས་པའང་རིགས་ལྡན་བདེ་མཆོག་ལྷ་མོའི་ངོར་ཀརྨ་པར་གྲགས་པས་བྲིས།།

 

• Download this text: EPUB MOBI PDF