The Swift Infusion of Blessings—Tibetan

Deities › Vajrakīlaya | Practices › Lineage Prayers | བོད་ཀྱི་བླ་མ།གོང་ས་སྐྱབས་མགོན་ཆེན་པོ་མཆོག | བོད་ཀྱི་བླ་མ།མཁན་ཆེན་འཇིགས་མེད་ཕུན་ཚོགས།

English | བོད་ཡིག

གོང་ས་སྐྱབས་མགོན་ཆེན་པོ་མཆོག

Two-armed Vajrakīlaya

Further information:
Download this text:

༄༅། །ཕུར་པ་མགུལ་ཁུག་མའི་ཆ་ཤས་ཐུགས་དམ་ཐུགས་ཀྱི་ཕུར་གཅིག་ཅེས་བྱ་བའི་བརྒྱུད་འདེབས་བྱིན་རླབས་མྱུར་འཇུག་བཞུགས།

 

ཁྱབ་བདག་ཀུན་ཏུ་བཟང་དང་རྡོ་རྗེ་ཆོས། །

མཚོ་སྐྱེས་རྡོ་རྗེ་རྗེ་འབངས་གྲོགས་མཆོག་གསུམ། །

ལས་ཅན་བུ་དགུ་ཁྱད་པར་སྣ་ནམ་པར། །

གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །

 

རྒོད་ཀྱི་ལྡེམ་འཕྲུ་ལེགས་ལྡན་རྡོ་རྗེའི་ཞབས། །

ངག་གི་དབང་པོ་པདྨ་ཕྲིན་ལས་རྩལ། །

ལས་རབ་གླིང་དང་པདྨ་དབང་ཆེན་ལ། །

གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །

 

ཁྲོ་བོའི་རྒྱལ་པོ་འཇིགས་མཛད་ཀུ་མཱ་ར། །

ཁྲོ་བཅུ་ཡབ་ཡུམ་ཟ་བསོད་སྒོ་མ་བཞི། །

ཕུར་སྲུང་བཅུ་དྲུག་དབང་ཕྱུག་ཉེར་བརྒྱད་ལ། །

གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །

 

ཕྱི་དཀྱིལ་མཚན་མ་རྫས་ཀྱི་ཕུར་པར་ཤར། །

ནང་དཀྱིལ་རྩ་ཁམས་ལྷ་ཡི་རྣམ་པར་སད། །

གསང་དཀྱིལ་བྱང་ཆུབ་སེམས་ཀྱི་རྩལ་རྫོགས་ཏེ། །

ཡང་གསང་ཐིག་ལེའི་རིག་པ་མངོན་གྱུར་ཤོག །

 

ཅེས་སྤྲུལ་པའི་གཏེར་སྟོན་ལས་རབ་གླིང་པའི་ཡང་སྤྲུལ་རིག་འཛིན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཞལ་སྔ་ནས་ཀྱི་དག་སྣང་ཕུར་པ་མགུལ་ཁུག་མའི་བརྒྱུད་འདེབས་ཤིག་འབྲི་དགོས་ཞེས་བསྐུལ་མ་ཇི་ལྟར་གནང་བ་ལྟར་ལས་སྨོན་འབྲེལ་བའི་ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། བོད་ལྕགས་རྟ་ཟླ་བ་ ༦ ཚེས་ ༡ ་ཕྱི་ལོ་ ༡༩༩༠ ཟླ་ ༧ ་ཚེས་ ༢༣ ་ལ་བྲིས་པ་དགེ་ལེགས་འཕེལ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept