Vajrakīlaya Prayer: A Rain of Accomplishments—Tibetan
Deities › Vajrakīlaya | Literary Genres › Termas | Practices › Prayers | བོད་ཀྱི་བླ་མ། › རྒྱ་རོང་མཁའ་འགྲོ་བདེ་ཆེན་དབང་མོ། | བོད་ཀྱི་བླ་མ། › དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།
Courtesy of Himalayan Art Resources
Further information:
- Gyarong Khandro
- Treasury of Lives Author Bio
- BDRC Author Profiles: P1TD70 P625
༄༅། །ཕུར་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔
ཨེ་མ་ཧོ༔
ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་ནས༔
ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔
གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔
ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ནས༔
ལོངས་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔
འོད་གསལ་རྒྱུན་ཆད་མེད་པར་བྱིང་གྱིས་རློབས༔
རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔
སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
འཆི་མེད་ཚེ་དབང་ཐོབ་པར་བྱིང་གྱིས་རློབས༔
གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས༔
ཁྲོ་མཆོག་རྡོ་རྗེ་གཞོན་ནུ་ལ་གསོལ་བ་འདེབས༔
བསྟན་དགྲ་དམ་སྲིས་འདུལ་བར་བྱིན་གྱིས་རློབས༔
སྐུ་བཞི་ཡེ་ཤེས་ཆེན་པོའི་ཀློང་ཡངས་ནས༔
སྲས་མཆོག་རིགས་བཞིའི་ཚོགས་ལ་གསོལ་བ་འདེབས༔
ཕྲིན་ལས་ཐོགས་མེད་འགྲུབ་པར་བྱིང་གྱིས་རློབས༔
དུར་ཁྲོད་རྩུབ་འགྱུར་ཞིང་བཅུའི་གདན་སྟེང་དུ༔
རང་བྱུང་ཁྲོ་བོ་བཅུ་ལ་གསོལ་བ་འདེབས༔
འགྲོ་དོན་ཐོགས་མེད་འབྱུང་བར་བྱིན་གྱིས་རློབས༔
རི་རྒྱལ་རྩེ་མོའི་གནས་མཆོག་དམ་པ་ནས༔
བྱ་ཁྱུང་ཁྲོ་བོའི་རྒྱལ་པོ་ལ་གསོལ་བ་འདེབས༔
སྡེ་བརྒྱད་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས༔
གྲུ་གསུམ་ཁྲག་ཞག་འཁྲུགས་པའི་གཞལ་ཡས་ནས༔
གཏེར་སྲུང་མ་གཟའ་དམ་གསུམ་ལ་གསོལ་བ་འདེབས༔
ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔
དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔
འཇིག་རྟེན་འཁོར་བའི་བྱ་བ་རབ་སྤངས་ནས༔
གསང་གསུམ་རྣམ་དག་བསླུ་མེད་ལམ་ཞུགས་ཏེ༔
མཐར་ཐུག་རྡོ་རྗེའི་གསང་བ་མཆོག་ཐོབ་ཤོག༔
ཅེས་ཁྱུང་སྟག་རྡོ་རྗེའི་ཡང་རྫོང་ནས་སྤྱན་དྲངས་པའི་ཕྲ་མེན་གཟའ་སྒྲོམ་ལས་ཌཱ་ཀི་དྷརྨ་ཙནྡྲས་དག་པར་ཕབ་པའ་ཟབ་གཏེར་ཡང་དག་པའོ།། །།