Supplication to Realize the Profound—Tibetan

Practices › Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Further information:
Download this text:

༄༅། །ཟབ་དོན་རྟོགས་པའི་གསོལ་འདེབས་བཞུགས།

 

ན་མོ་གུ་རུ།

ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་སྤྲིན་འཁྲིགས་ཤིང་། །

བྱིན་རླབས་དངོས་གྲུབ་སྦྲང་ཆར་འབེབ་མཛད་པ། །

མཚོ་སྐྱེས་རྡོ་རྗེ་མཁྱེན་བརྩེའི་དབང་པོ་ལ། །

མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །

 

རིག་འཛིན་གྲུབ་པ་ཡོངས་ཀྱི་གདུང་འཚོབ་ཏུ། །

རྒྱལ་སྲས་སེམས་དཔའ་ཀུན་ཏུ་བཟང་པོ་ཡི། །

འོད་གསལ་སྙིང་པོའི་དགོངས་པའི་རྩལ་རྫོགས་པ། །

དཔལ་ལྡན་བླ་མས་བདག་རྒྱུད་བྱིན་གྱིས་རློབས། །

 

རང་སེམས་གདོད་ནས་སྐྱེ་མེད་རིག་པའི་གཤིས། །

མ་བཅོས་ཇི་བཞིན་བཞག་པའི་སྒོམ་པ་དང་། །

སྤང་བླང་འཛིན་རྩོལ་བྲལ་བའི་སྤྱོད་པ་ཡིས། །

ཀ་དག་ཆོས་སྐུ་མངོན་དུ་འགྱུར་བར་ཤོག །

 

ཅེས་པའང་མཁས་གྲུབ་ཡོངས་ཀྱི་རྗེ་བོ་བདུད་འཇོམས་མཆོག་སྤྲུལ་རིན་པོ་ཆེའི་སྐུ་སྲས་ཕྲིན་ལས་ནོར་བུ་ནས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept