Turning Back Obstacles and Adverse Circumstances—Tibetan

Practices › PrayersGuru Rinpoche Prayers | Deities › Guru Padmasambhava | Practices › Averting Obstacles | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

English | Français | བོད་ཡིག

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Guru Padmasambhava

༄༅། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་བར་ཆད་རྐྱེན་བཟློག་ཅེས་བྱ་བ་བཞུགས། །

 

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

ངོ་བོ་ཀ་དག་ཕོ་བྲང་ནས། །

ཀུན་བཟང་ཆོས་སྐུ་པདྨ་འབྱུང༌། །

སྲས་བཅས་རྒྱལ་བ་ཡེ་ཤེས་དབྱིངས། །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །

ལུས་ཀྱི་ན་ཚ་ནང་གི་བགེགས། །

སེམས་ཀྱི་བར་ཆད་གསང་བའི་གདོན། །

ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟློག །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

རང་བཞིན་ལྷུན་གྲུབ་ཕོ་བྲང་ནས། །

རིགས་ལྔ་ལོངས་སྐུ་ཐོད་ཕྲེང་རྩལ། །

རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་ཤར། །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །

ལུས་ཀྱི་ན་ཚ་ནང་གི་བགེགས། །

སེམས་ཀྱི་བར་ཆད་གསང་བའི་གདོན། །

ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟློག །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

ཐུགས་རྗེ་ཀུན་ཁྱབ་ཕོ་བྲང་ནས། །

གང་འདུལ་སྤྲུལ་སྐུ་མཚན་མཆོག་བརྒྱད། །

བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་བདག །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །

ལུས་ཀྱི་ན་ཚ་ནང་གི་བགེགས། །

སེམས་ཀྱི་བར་ཆད་གསང་བའི་གདོན། །

ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟློག །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

དགོངས་བརྡ་སྙན་ནས་བརྒྱུད་པ་ཡི། །

རྩ་བརྒྱུད་བླ་མ་ཀུན་གྱི་དངོས། །

ལྷུན་གྲུབ་རིག་འཛིན་མཚོ་སྐྱེས་རྗེ། །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །

ལུས་ཀྱི་ན་ཚ་ནང་གི་བགེགས། །

སེམས་ཀྱི་བར་ཆད་གསང་བའི་གདོན། །

ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟློག །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

ཡེ་ཤེས་ཀློང་དགུའི་ཆོ་འཕྲུལ་ལས། །

ཡི་དམ་ཞི་ཁྲོའི་སྤྲིན་ཕུང་འཕྲོ། །

ཁྱབ་བདག་པདྨ་དྲག་པོ་ལ། །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །

ལུས་ཀྱི་ན་ཚ་ནང་གི་བགེགས། །

སེམས་ཀྱི་བར་ཆད་གསང་བའི་གདོན། །

ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟློག །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

ཞིང་སྔགས་ལྷན་ཅིག་སྐྱེས་པ་ཡི། །

གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ། །

ཧེ་རུ་ཀ་དཔལ་སློབ་དཔོན་ཆེར། །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །

ལུས་ཀྱི་ན་ཚ་ནང་གི་བགེགས། །

སེམས་ཀྱི་བར་ཆད་གསང་བའི་གདོན། །

ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟློག །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང༌། །

དགོངས་ཀློང་འདུ་འབྲལ་མེད་པའི་ཐུགས། །

བདེ་གཤེགས་ཀུན་འདུས་པདྨ་སྐྱེས། །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །

ལུས་ཀྱི་ན་ཚ་ནང་གི་བགེགས། །

སེམས་ཀྱི་བར་ཆད་གསང་བའི་གདོན། །

ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟློག །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

བརྒྱད་ཁྲི་བཞི་སྟོང་དམ་ཆོས་ཀྱིས། །

གདུལ་བྱའི་བསམ་པ་ཚིམ་མཛད་གསུང༌། །

སྟོན་མཆོག་པདྨ་བཛྲ་རྩལ། །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །

ལུས་ཀྱི་ན་ཚ་ནང་གི་བགེགས། །

སེམས་ཀྱི་བར་ཆད་གསང་བའི་གདོན། །

ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟློག །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

ཐེག་གསུམ་དགེ་འདུན་འདུས་པ་ཡི། །

གཙུག་ན་མངོན་པར་མཐོ་བའི་སྐུ། །

ཁྱབ་བདག་པདྨ་སམྦྷ་ལ། །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །

ལུས་ཀྱི་ན་ཚ་ནང་གི་བགེགས། །

སེམས་ཀྱི་བར་ཆད་གསང་བའི་གདོན། །

ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟློག །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

སྐྱབས་ཀུན་འདུས་ཞལ་ཨོ་རྒྱན་རྗེ། །

སྙིང་ནས་དྲན་པས་གསོལ་འདེབས་ན། །

མཁྱེན་བརྩེ་ཡེ་ཤེས་ཀློང་ཡངས་ནས། །

བྱིན་རླབས་དངོས་གྲུབ་ཆར་ཆེན་འབེབས། །

 

འབྱུང་བཞི་འཁྲུགས་པ་ཕྱི་ཡི་དགྲ། །

ལུས་ཀྱི་ན་ཚ་ནང་གི་བགེགས། །

སེམས་ཀྱི་བར་ཆད་གསང་བའི་གདོན། །

ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟློག །

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ། །

 

ཕྱི་སྣོད་འཇིག་རྟེན་དཔལ་འབྱོར་རྒྱས། །

ནང་བཅུད་འགྲོ་ཀུན་ཆོས་བཞིན་སྤྱོད། །

བསྟན་འཛིན་ཞབས་བརྟན་བསྟན་པ་དར། །

དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །

 

ཅེས་པའང་རང་གཞན་ཀུན་གྱི་ཆེད་དུ་རིག་འཛིན་གྱི་བཙུན་པ་མཁྱེན་བརྩེའི་དབང་པོས་གང་ཤར་གསོལ་བ་བཏབ་པ་དགེ།  །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept