Chöd Lineage Prayer—Tibetan

Practices › Chöd | Practices › Lineage Prayers | བོད་ཀྱི་བླ་མ།ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།

English | བོད་ཡིག

ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།

Machik Labdrön, who introduced Chöd to Tibet

Further information:
Download this text:

༄༅། །གཅོད་ཀྱི་བླ་བརྒྱུད་གསོལ་འདེབས།

 

ཨོཾ་ཨཱཿཧཱུྃ།

ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་ལ་གསོལ་བ་འདེབས། །

བྱིན་རླབས་སེམས་ལ་འཇུག་པར་བྱིན་གྱིས་རློབས། །

ལོངས་སྐུ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །

སྤྲུལ་སྐུ་མ་ཅིག་ལབ་སྒྲོན་ལ་གསོལ་བ་འདེབས། །

ཧཿ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །

རིཿ རིན་ཆེན་རིགས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །

ནིཿ པདྨ་རིགས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །

སཿ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །

བཾཿ སངས་རྒྱས་རིགས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས། །

ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །

མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །

སྲས་རྒྱུད་ཉམས་མྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། །

ཟབ་མོ་གཅོད་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །

རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །

དུག་གསུམ་རྣམ་རྟོག་ཡལ་དུ་གསོལ། །

རྐྱེན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །

གདོན་གསུམ་རྣམ་རྟོག་ཞི་གྱུར་ཅིག །

ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །

སྐུ་གསུམ་མངོན་དུ་གྱུར་བར་ཤོག །

ཕྱི་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ། །

ནང་རང་སེམས་སྟོང་པའི་རང་རྩལ་སྟེ། །

དེ་ཐོག་མཐའ་དབུས་མེད་ངོས་བཟུང་མེད། །

ཡུལ་སེམས་ཀྱི་གཟུང་འཛིན་གཞི་རྩ་བྲལ། །

རང་བྱུང་གི་ཡེ་ཤེས་རང་གསལ་ལ། །

སྤང་བླང་དང་རེ་དོགས་མ་མཆིས་པས། །

གཤིས་རང་བབ་སྙེམ་མེད་སོ་མ་ལ། །

གནད་གཅེར་མཐོང་རང་གྲོལ་མངོན་གྱུར་ཤོག །

 

ཀཿགཅོད་བརྒྱུད་འདེབས་ཡིག་རྙིང་ལ། །ཤློ་ཀ་གཉིས་སི་ཏུས་གསུངས། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept