The Lion's Roar of Definitive Meaning—Tibetan

Vows & Commitments › Samaya | Literary Genres › Advice | བོད་ཀྱི་བླ་མ།མཁན་པོ་ཡོན་ཏན་མགོན་པོ།

English | བོད་ཡིག

མཁན་པོ་ཡོན་ཏན་མགོན་པོ།

མཁན་པོ་ཡོན་ཏན་མགོན་པོ།

Further information:
Download this text:

༄༅། །དམ་ཚིག་གི་དཀའ་གནད་ངེས་དོན་འབྲུག་སྒྲ།

སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །
ཡེ་ནས་ལྷུན་གྲུབ་འདུས་མ་བྱས། །
རང་བཞིན་མཉམ་པའི་དོན་རྟོགས་ན། །
མཚན་རྟོག་ཡུལ་མེད་རྣམ་པར་དག །
ཇི་སྙེད་སྡོམ་པ་མ་ལུས་པ། །
ཀུན་འདུས་དག་པ་རབ་ཏུ་འགྱུར། །
དོན་འདི་སངས་རྒྱས་ཐམས་ཅད་ཀྱི། །
སྐུ་གསུང་ཐུགས་ཀྱི་གསང་བ་སྟེ། །
འདའ་ཉམས་མེད་པའི་དམ་ཚིག་ཡིན། །
འདི་དོན་གདུལ་བྱའི་བློ་རིམ་བཞིན། །
བསྲུང་དུ་མེད་པའི་སྒྲར་སྣང་བ། །
སངས་རྒྱས་ཀུན་གྱི་འཕྲིན་ལས་ཏེ། །
མི་མཛད་མཛད་པ་ཆེན་པོའོ། །
དེ་ཕྱིར་ངེས་དོན་མ་རྟོགས་ན། །
མཚན་རྟོག་སྤྲོས་ལ་འཆེལ་བ་རྣམས། །
དམ་ཚིག་ཉམས་ཤིང་དམྱལ་བར་ལྟུང་། །
འདི་ལ་དགོངས་ནས་གསང་ཆེན་རྒྱུད། །
ཟབ་མོ་ཉིད་ལས་འདི་སྐད་དུ། །
གལ་ཏེ་གཞུང་འདི་མ་ཤེས་པས། །
ཅི་ལྟར་བསྲུངས་ཀྱང་ཉམས་པར་འགྱུར། །
དམྱལ་བའི་སྤྱོད་པ་ཡ་རེ་ང་། །
འཁོར་བའི་སྡུག་བསྔལ་བཟོད་བླག་མེད། །
དེ་ལས་རབ་ཏུ་ཐར་བར་དཀའ། །
ཞེས་དང་དེ་ཡི་ལྡོག་ཕྱོགས་སུ། །
དངོས་པོའི་ཆོས་རྣམས་ཐམས་ཅད་ཀུན། །
སྐྱེ་བ་མེད་པར་ཤར་ཤེས་པ། །
འདི་ཡང་དམ་ཚིག་འཕྲིན་ལས་ཡིན། །
ཡང་དག་གསུངས་སམ་སྙམ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept