Food Offering Prayer—Tibetan

Practices › Tsok | བོད་ཀྱི་བླ་མ།ཀློང་ཆེན་རབ་འབྱམས།

English | Français | བོད་ཡིག

ཀློང་ཆེན་རབ་འབྱམས།

ཀློང་ཆེན་རབ་འབྱམས།

Further information:
Download this text:

༄༅། །ཟས་ཀྱི་རྣལ་འབྱོར་བཞུགས།

 

ཧོཿ བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །

གདན་གསུམ་ཚང་བའི་ངོ་བོ་སྟེ། །

དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །

འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །

རྡོ་རྗེའི་དམ་ཚིག་བླ་ན་མེད། །

བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །

གཉིས་མེད་མཉམ་པའི་ངང་དུ་རོལ། །

རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །

ཟས་ཀྱི་སྒྲིབ་པར་མི་འགྱུར་ཞིང༌། །

གཏན་པ་མེད་པའི་སྦྱིན་བདག་ཀྱང༌། །

ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག། །།

 

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གསུངས་སོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept