Brief Offering Prayer to Gesar—Tibetan

Deities › Gesar | བོད་ཀྱི་བླ་མ།མི་ཕམ་རིན་པོ་ཆེ།

English | Deutsch | Español | Français | Italiano | Nederlands | བོད་ཡིག

མི་ཕམ་རིན་པོ་ཆེ།

Gesar Series

Further information:
Download this text:

༄༅། །གེ་སར་རྒྱལ་པོའི་གསོལ་མཆོད་བསམ་དོན་མྱུར་འགྲུབ་བཞུགས།

 

གེ་སར་རྒྱལ་པོའི་གསོལ་མཆོད་བསམ་དོན་མྱུར་འགྲུབ་ནི།

ཧཱུྂ། དབྱིངས་ནས་ཐུགས་རྗེས་མ་གཡེལ་སེང་ཆེན་རྗེ། །

རྩ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །

ཆོས་སྐྱོང་དགྲ་ལྷ་ཝེར་མའི་འཁོར་དང་བཅས། །

ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ལ། །

དམ་རྫས་བདུད་རྩི་གཏོར་མའི་མཆོད་པ་བཞེས། །

སྒྲུབ་པའི་རྟགས་མཚན་དངོས་སུ་བསྟན་པ་དང༌། །

རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་མཛོད། །

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

ཨོཾ་མ་ཧཱ་སིང་ཧ་མ་ཎི་རཱ་ཛཱ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁཱ་ཧི། །

 

འདི་ནི་ཤིང་སྤྲེལ་དགུ་པའི་སྐོར་ཞིག་ཏུ་བྲིས། འདི་བཞིན་ནན་ཏན་བཅོལ་ཞིང་གསོལ་བ་བཏབ་ན་མི་འགྲུབ་པ་གང་ཡང་མེད། བྱིན་རླབས་ཕྲིན་ལས་ཤིན་ཏུ་མྱུར་ཞིང་ཚན་ཆེའོ། །མངྒ་ལཾ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept