Brief Sang Offering—Tibetan

Practices › Sang Offering | བོད་ཀྱི་བླ་མ།མི་ཕམ་རིན་པོ་ཆེ།

English | Français | བོད་ཡིག

མི་ཕམ་རིན་པོ་ཆེ།

བསང་མཆོད།

Further information:
Download this text:

༄༅། །བསང་མཆོད་བསྡུས་པ་བཞུགས།

 

ཧོ། བསང་མཆོད་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོས། །

བླ་མ་ཡི་དམ་སངས་རྒྱས་བྱང་སེམས་བསང་། །

དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་བསང་། །

དགྲ་བླ་ཝེར་མ་གནས་གཞི་གཏེར་བདག་བསང་། །

འགོ་བའི་ལྷ་མགོན་གཉན་པོ་ཐམས་ཅད་བསང་། །

ཚིག་རྐང་འདི་ལྷ་གང་འདོད་ཁ་བསྒྱུར་ཀྱང་ཆོག

ཕྱི་སྣོད་ནང་བཅུད་དག་པ་ཆེན་པོར་བསང་། །

འདོད་ཡོན་མི་ཟད་ནམ་མཁའ་མཛོད་ཀྱིས་མཆོད། །

གེགས་ཞི་བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཤོག །

ཨོཾ་ཨཱཿ་ཧཱུྃ་ཞེས་བཟླ།

 

ཤིང་སྦྲུལ་ཟླ་ ༧ ཚེས་ ༤  ལ་ཁྲ་འགུའི་རི་ཁྲོད་དུ་མི་ཕམ་པས་བཀོད་པ་དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept