Content

Prayer for Translators—Tibetan

Practices | Tibetan Masters  Trulshik Rinpoche

བོད་ཡིག | Deutsch | English | Français | Português

༄༅། །ཨོཾ་སྭསྟི། །བསྐལ་བཟང་རྣམ་འདྲེན་སྟོན་པ་ཤཱཀྱའི་ཏོག །མཁན་སློབ་ཆོས་གསུམ་མེས་དབོན་རྣམ་པ་གསུམ། །བསྟན་པའི་སྒྲོན་མེ་ཨ་ཏི་ཤ་ལ་སོགས། །ཟླ་མེད་སྐྱེས་མཆོག་རྣམས་ལ་གསོལ་བ་འདེབས། །འཕགས་བོད་ཐོག་མའི་ལོ་ཙཱ་ཐུ་མི་རྗེ། །ལོ་ཆེན་བཻ་རོ་གཉགས་ལོ་ཡེ་ཤེས་གཞོན། །ཀ་བ་དཔལ་བརྩེགས་ལྕོག་རོ་ཀླུའི་རྒྱལ་མཚན། །ཞང་སྟོན་སྣ་ནམ་རྣམས་ལ་གསོལ་བ་འདེབས། །རིན་ཆེན་བཟང་པོ་བློ་ལྡན་ཤེས་རབ་དང༌། །འབྲོམ་སྟོན་ལ་སོགས་སྨྲ་བའི་དབང་ཕྱུག་སྟེ། །ལོ་ཙཱ་སྔ་ཕྱི་བགྲང་ཡས་རྣམ་ཐར་གྱི། །བཀའ་དྲིན་དྲན་པས་སྙིང་ནས་གསོལ་བ་འདེབས། །བདག་ཅག་ལྔ་བདོའི་གང་ཟག་ལྷག་བསམ་ཁུལ། །༧རྒྱལ་བའི་བཀའ་བསྟན་ཀུན་འབྱུང་འདྲེན་པ་དང༌། །དཀའ་ཐུབ་རིག་བྱེད་དབང་བསྒྱུར་ཐེག་པ་མཆོག །ཁྱད་པར་རིག་པ་འཛིན་པའི་སྡེ་སྣོད་དེ། །བཀའ་གཏེར་དག་སྣང་རྩ་གསུམ་ཆོས་སྐྱོང་གི །གསུང་རབ་ཡུལ་ལུང་སོ་སོའི་སྐད་ཡིག་ཏུ། །རྗོད་བྱེད་སྒྲ་དང་བརྗོད་བྱའི་དོན་བསྒྱུར་ལ། །འགལ་རྐྱེན་བར་ཆད་མེད་ཅིང་བསམ་དགུ་འགྲུབ། །སྔོན་བྱོན་ལོ་པ་རྣམས་ཀྱི་ཐུགས་བསྐྱེད་བཞིན། །བསྟན་དང་འགྲོ་བ་ཡོངས་ལ་སྨན་ནས་ནི། །འཛམ་བུ་གླིང་དུ་༧རྒྱལ་བསྟན་རིན་པོ་ཆེ། །ཡར་ངོའི་ཟླ་བས་ཀུན་ཁྱབ་བཀྲ་ཤིས་ཤོག། །།

ཅེས་པའང་ཐོག་མར་ཨིང་ལཎྜའི་དགེ་སློང་བསྟན་འཛིན་བྱམས་ཆེན་དང༌། དེ་རྗེས་ལོ་ཙཱ་བ་ཆོས་ཀྱི་ཉི་མ། ལས་རབ་གླིང་གི་ལོ་ཙཱ་བ་སོགས་ནས་ལྷ་རྫས་རྟེན་བཅས་བསྐུལ་བའི་ངོར་ཤཱཀྱའི་དགེ་སྦྱོང་རྟགས་ཙམ་པ་ཀུན་རྨོངས་ངག་དབང་ཆོས་ཀྱི་བློ་གྲོས་སུ་འབོད་པས་ ༢༠༠༥ ཤིང་བྱ་ཟླ་ ༡༠ ཚེས་ ༡༦ དགེ་བར་བྲིས་ཤིང་སྨོན་པ་ཛ་ཡནྟུ།། །།

 

Vairotsana
Vairotsana

Further information: