Sogyal Rinpoche Biography—Tibetan

Biographies | Tibetan MastersNyoshul Khen Rinpoche | Tibetan MastersSogyal Rinpoche

English | བོད་ཡིག

Nyoshul Khen Rinpoche

Sogyal Rinpoche and Jamyang Khyentse Chökyi Lodrö

Further Information:

༄༅། །ལྭ་དཀར་བསོད་རྒྱལ་མཆོག་སྤྲུལ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།

༄༅། །ཏྲེ་ཧོར་ལྭ་དཀར་ཚང་ཞེས་བོད་ཀྱི་ཆོས་ཁག་བཞི་དང་། སེ་འབྲས་དགའ་གསུམ། རྫོགས་ཆེན་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་དཔལ་སྤྲུལ་དང་མི་ཕམ་རིན་པོ་ཆེ་སོགས་ཀྱི་བསྟན་པའི་སྦྱིན་བདག་ཆེན་པོ་མི་ལོ་ལྔ་བརྒྱའི་རིང་ལ་ཉམས་རྒུད་མེད་པའི་ཁྱིམ་དེར་མཁན་ཆེན་ངག་དབང་དཔལ་བཟང་གིས་གཙུག་ཏོར་རྣམ་རྒྱལ་མའི་རྣམ་འཕྲུལ་དུ་བསྔགས་པའི་མ་ཡུམ་ཚེ་ལུ་དང་། ཡབ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་དབོན་རྒྱུད་དུ་འཁྲུངས་ཤིང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ངོས་འཛིན་དང་བདག་གཉེར་གྱིས་ཡིག་ཀློག་དང་། འགྲོ་འདུག་གི་སྤྱོད་ལམ་ནས་བཟུང་བསླབ་སྟོན་གྱིས་སྐུ་མདུན་རང་ནས་ཚད་མེད་པའི་ཐུགས་བརྩེས་བསྐྱངས། དབང་ལུང་ཁྲིད་སོགས་མཐའ་ཡས་པ་གནང་། གསར་རྙིང་གི་དབང་ཁྲིད་གདམས་པ་ཕལ་ཆེར་ཐོབ། བུ་འདི་ལོ་ཆུང་བས་ངས་སློབ་གཉེར་ཆ་ཚང་ཞིག་བསླབ་ཐུབ་མ་སོང་བས་རྗེས་མཁན་པོ་ཨ་པད་སོགས་ལས་གྱིས་ཤིག་ཅེས་ཞལ་བཀོད་ཀྱི་བཅོལ་གདམས་གནང་བ་དང་། ལྷོ་བྲག་མཁར་ཆུའི་སྒྲུབ་ཕུག་ཏུ་ཕེབས་སྐབས་བུ་འདི་གཅིག་པུ་ལ་དགོས་པ་ཡིན་ཞེས་ཐུན་མིན་རྫོགས་ཆེན་རིག་པའི་རྩལ་དབང་གནང་བ་སོགས་བརྒྱུད་པའི་བྱིན་རླབས་གཏད་པ་དང་། མ་འོངས་པར་བུ་འདིས་ངའི་བསྟན་པ་ཕན་པ་ཞིག་ཡོང་ཞེས་ཕྱི་མཐའ་གཟིགས་པའི་ལུང་བསྟན་བསྩལ་བ་སོགས་མཛད། རྒྱ་གར་དུ་འབྱོར་ཏེ་བླ་མ་གཤེགས་རྗེས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་ལས་གསན་སྦྱངས་གནང་ནས། དེང་སང་ཕྱི་རྒྱལ་ཨ་མི་རི་ཀ་སོགས་ཕྱི་རྒྱལ་ཀུན་ཏུ་ཆོས་འཁོར་བསྐོར་ཞིང་འཚོ་གཞེས་སུ་བཞུགས་བཞིན་པའོ། །ཞེས་སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེས་མཛད་པའི་རྫོགས་ཆེན་ཆོས་འབྱུང་ཆེན་མོ་ལས་སོ།།

• Download this text: EPUB MOBI PDF