Advice for Orgyen Rigdzin—Tibetan

Literary Genres › Advice | བོད་ཀྱི་བླ་མ།དཔལ་ཡུལ་མཆོག་སྤྲུལ་འཇམ་དཔལ་དགྱེས་པའི་རྡོ་རྗེ།

English | བོད་ཡིག

དཔལ་ཡུལ་མཆོག་སྤྲུལ་འཇམ་དཔལ་དགྱེས་པའི་རྡོ་རྗེ།

དཔལ་ཡུལ་མཆོག་སྤྲུལ་འཇམ་དཔལ་དགྱེས་པའི་རྡོ་རྗེ།

Further information:
Download this text:

༄༅། །ཨོ་རྒྱན་རིག་འཛིན་ངོར་གདམས་པ་བཞུགས།

དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །
རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི། །
རྒྱུ་དཔེ་གྲངས་ཀྱི་རྙེད་དཀའ་ཡང་ཡང་སོམས། །
རྡོ་རྗེའི་སྐུ་ཡང་མི་རྟག་ཚུལ་གཟིགས་ན། །
སྡུག་བདེན་ཕུང་པོར་ནམ་འཆི་ཆ་མེད་ངེས། །
དཀར་ནག་ལས་འབྲས་རྒྱལ་བའི་བདག་བཞེས་ན། །
ལས་འབྲས་བསླུ་མེད་རང་ལ་འབྱུང་བར་ངེས། །
དེ་ཕྱིར་རང་གི་འདུན་མ་གཏན་གྱི་དོན། །
རྩ་བའི་བླ་མ་སངས་རྒྱས་ཀུན་དངོས་ལ། །
མི་ཕྱེད་སྙིང་ནས་དད་པ་བརྟན་པོའི་ངང་། །
ཐུགས་ཡིད་དབྱེར་མེད་འདྲེས་པའི་ཉམས་ལེན་ལ། །
ཉིན་མཚན་འཁོར་མོ་ཡུག་ཏུ་འདའ་བར་མཛོད། །
དེ་ལྟར་མཛོད་དང་ཆོས་སྒོར་ཞུགས་པའི་དོན། །
ལུས་རྟེན་འདི་ཡི་སྟེང་ནས་གྲུབ་པ་ཡིན། །
ཞེས་པའང་ཨོ་རྒྱན་རིག་འཛིན་ངོར་མཆོག་སྤྲུལ་མིང་འཛིན་ནས་བྲིས། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept