Gentle Rain of the Nectar of Immortality—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར། | བོད་ཀྱི་བླ་མ།བསོད་རྒྱལ་རིན་པོ་ཆེ།

English | Deutsch | Español | Français | Italiano | Nederlands | བོད་ཡིག

ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར།

བསོད་རྒྱལ་རིན་པོ་ཆེ།

Further information:
Download this text:

༄༅། །བསོད་རྒྱལ་སྤྲུལ་སྐུ་རིན་པོ་ཆེའི་ཞབས་བརྟན་སྨོན་ཚིག་འཆི་མེད་བདུད་རྩིའི་གྲུ་ཆར་ཞེས་བྱ་བ།

 

མཐའ་ཀླས་སྤྲོས་མཚན་ཉེར་ཞི་ཆོས་སྐུའི་ཀློང༌། །

འགག་མེད་བདེ་ཆེན་ལོངས་སྐུའི་དཀྱིལ་འཁོར་ལས། །

ཡོངས་ཤར་སྤྲུལ་སྐུ་མཚོ་སྐྱེས་རྒྱལ་བ་ཡིས། །

ཕྱོགས་དུས་ཀུན་ཏུ་དགེ་བའི་དགའ་སྟོན་སྩོལ། །

 

རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་སྙིང་པོའི་ཁམས། །

བསོ༵ད་ནམ༵ས་བྱེ་བའི་བསིལ་ཟེར་ཡོངས་རྫོགས་པའི། །

རྒྱལ༵་བསྟན་ཀུན་ད་སྐྱོང་བའི་གཉེན་གཅིག་པུ། །

སྙིགས་དུས་མཚ༵ན་མོའི་མགོན་པོ་ཞབས་བརྟན་གསོལ། །

 

སྔོན་བསགས་ཚོགས་གཉིས་ནོར་འཛིན་ཁྱོན་ཡངས་པོར། །

རླབས་ཆེན་ཐུགས་བསྐྱེད་རྩ་བ་རབ་བརྟན་ཅིང༌། །

གྲུབ་གཉིས་འབྲས་བུའི་ཡལ་འདབ་ཡོངས་དུད་པ། །

རིག་འཛིན་དཔག་བསམ་ལྗོན་དབང་ཞབས་བརྟན་གསོལ། །

 

འཛམ་གླིང་ཤར་ནུབ་ཡུལ་གྲུ་དུ་མ་རུ། །

སྐལ་ལྡན་བསོ༵ད་ནམ༵ས་ཅན་གྱི་མོས་བློ་བཞིན། །

གང་འདུལ་ཆོས་ཀྱི་བདུད་རྩི་སྟོན་མཛད་པ། །

བསྟན་པའི་རྒྱལ༵་མཚ༵ན་འཛིན་མཁས་ཞབས་བརྟན་གསོལ། །

 

བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །

དམ་ཅན་ཆོས་སྐྱོང་སྲུང་མའི་མཐུ་རྩལ་དང༌། །

ཆོས་དབྱིངས་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །

སྨོན་པའི་དོན་ཀུན་བདེ་བླག་འགྲུབ་གྱུར་ཅིག །

 

ཅེས་པ་འདི་ཡང་རིག་པ་ཆོས་ཚོགས་ཀྱི་སློབ་ཚོགས་ཡོངས་ནས་བསྐུལ་མ་མཛད་པ་བཞིན་ས་སྐྱ་ཁྲི་འཛིན་ངག་དབང་ཀུན་དགས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept