Long-Life Prayer for Alak Zenkar Rinpoche—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ། | བོད་ཀྱི་བླ་མ།ཨ་ལགས་གཟན་དཀར་རིན་པོ་ཆེ།

English | Français | བོད་ཡིག

གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ།

ཨ་ལགས་གཟན་དཀར་རིན་པོ་ཆེ།

Further information:
Download this text:

༄༅། །ཨ་ལགས་གཟན་དཀར་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

 

ཞབས་བརྟན་གསོལ་འདེབས་རྒྱས་པ་འདོན་མི་ལྕོགས་པའི་སྐབས་སམ། གྲངས་གསོག་སྐབས་སུ། །

གསང་སྔགས་རིགས་སྔགས་གཟུངས་སྔགས་རྣམ་གསུམ་གྱི། །

སྔགས་རིགས་འཛིན་པ་གཟན་དཀར་སྤྲུལ་པའི་སྐུ། །

ཐུབ་བསྟན་ཉི་མ་འོད་ཟེར་སྟོང་ལྡན་པ། །

དད་གསུམ་ཡིད་ཀྱི་མཁའ་ལ་རྟག་འཆར་ཞིང༌། །

ཉམས་ཐག་འགྲོ་ཀུན་སྙིང་རྗེས་སྐྱོང་བ་དང༌། །

རིན་ཆེན་རྣམ་གསུམ་དད་པས་མཆོད་པ་སོགས། །

ཕན་བདེའི་སྣང་བའི་པད་ཚལ་རབ་བཞད་ནས། །

མཐར་ཐུག་གཉིས་མེད་ཡེ་ཤེས་སྐུ་འཐོབ་ཤོག །

 

ཅེས་གསོལ་བ་བཏབ་པས་དོན་ཡོངས་སུ་འགྲུབ་པར་འགྱུར་རོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept