Brief Offering Prayer to Gesar—Tibetan

Deities › Gesar | བོད་ཀྱི་བླ་མ།འཁྲུལ་ཞིག་མདོ་སྔགས་གླིང་པ།

English | Deutsch | Español | Français | Italiano | Nederlands | བོད་ཡིག

འཁྲུལ་ཞིག་མདོ་སྔགས་གླིང་པ།

གེ་སར།

Further information:
Download this text:

༄༅། །གེ་སར་གསོལ་བསྡུས་བཞུགས།

 

བསྭོ་བསྭོ།

སྐྱེས་མཆོག་གེ་སར་མཆོད་དང་དྲན་ཙམ་གྱིས། །

ཕར་བལྟས་གཞན་སྣང་མ་ལུས་དབང་དུ་སྡུད། །

ཚུར་བལྟས་རང་སེམས་སྣང་བ་དབང་དུ་བསྡུས། །

གཞིས་བྱེས་བསམ་དོན་མ་ལུས་ལྷུན་གྲུབ་མཛོད། །

ཀི་ཀི བསྭོ་བསྭོ། ལྷ་རྒྱལ་ལོ།

 

ཞེས་པ་འདི་བཞིན་ཁོ་བོ་འཁྲུལ་ཞིག་མདོ་སྔགས་གླིང་པར་སྐྱེས་མཆོག་གེ་སར་དཔུང་བཅས་ཞལ་གཟིགས་འདྲ་སྣང་ཡུལ་དུ་འཆར་སྐབས་ཤུགས་བྱུང་དུ་འཐོན་པའོ། །འདི་ནི་ཚིག་མ་ལེགས་ཀྱང་བཟོ་བཅོས་མེད་པ་ཞུ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept