Long Life Prayer for Alak Zenkar Rinpoche—Tibetan

Long Life Prayers | Tibetan MastersTrulshik Rinpoche | Tibetan MastersAlak Zenkar Rinpoche

English | Español | Français | བོད་ཡིག

Trulshik Rinpoche

Alak Zenkar Rinpoche

Further Information:

༈ ཨོཾ་སྭཱ་སྟི། རབ་འབྱམས་ཚེ་ལྷ་རྒྱ་མཚོའི་བྱིན་མཐུས་ལས། །

མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སྲིད་པའི་གར། །

ཐུབ༵་བསྟན་ཉི་མ༵འི་མཚན་ཅན་༧ཞབས་ཟུང་བརྟན། །

བསྟན་འགྲོར་སྨན་པའི་བཞེས་དོན་ཡོངས་འགྲུབ་ཤོག །

ཅེས་པའང་ལས་རབ་གླིང་གི་བསོད་རྒྱལ་རིན་པོ་ཆེས་དབུས་རིག་པ་ཆོས་ཚོགས་ནས་རྟེན་བཅས་བསྐུལ་མ་གནང་བ་བཞིན་རང་ཉིད་ཀྱང་གུས་སྤྲོས་རྟགས་ཙམ་གྱི་ཤྭཀྱའི་དགེ་སྦྱོང་ངག་དབང་ཆོས་ཀྱི་བློ་གྲོས་སུ་འབོད་པས ༢༠༠༥ ཤིང་བྱ་ཟླ་ཚེས་དགེ་བར་བྲིས་ཤིང་ ༡༠ ༦ སྨོན་པ་ཛ་ཡནྟུ།། །།

• Download this text: EPUB MOBI PDF