Taklung Tsetrul Rinpoche Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།འཁྲུལ་ཞིག་རིན་པོ་ཆེ། | བོད་ཀྱི་བླ་མ།སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ།

English | བོད་ཡིག

འཁྲུལ་ཞིག་རིན་པོ་ཆེ།

སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ།

Further information:
Download this text:

༄༅། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཞབས་བརྟན་བཞུགས་སོ།།

 

ཨོཾ་སྭ་སྟི།

རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་མཐུ་ལས༎

འདྲེན་མཆོག་བཤད༵་སྒྲུབ༵་ཉིན༵་བྱེད༵་ཞབས་པད་བརྟན༎

ཐུབ་བསྟན་སྤྱི་དང་ཨེ་ཝཾ་ལྕོག་སྒར་བའི༎

ཕྲིན༵་ལས༵་དཔལ༵་རྒྱས་འགྲོ་ཕན་བཟ༵ང་པོ༵ར་ཤོག།

 

ཅེས་པའང་སྔ་འགྱུར་བསྟན་པའི་སྣང་བྱེད་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་སྨྱུང་གནས་ལྷ་ཁང་རྟེན་དང་བརྟེན་པར་རབ་གནས་ཏུ་གནས་པའི་བཞེད་པ་སྐོང་བའི་ཚེ་ན་ཤཱཀྱའི་དགེ་སྦྱོང་ཀུན་རྨོངས་པ་ངག་དབང་ཆོས་ཀྱི་བློ་གྲོས་སུ་འབོད་པས་ལྕགས་འབྲུག་མཆུ་ཟླའི་ཤར་ཕྱོགས་ཀྱི་གྲལ་ཚེས་ལྔ་དགེ་བར་འདུན་སྨོན་དུ་བྲིས་ཏེ་ཕུལ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept