Prayer to Vajrakīlāya—Tibetan
Practices › Prayers | Deities › Vajrakīla | Collections & Cycles › Ḍākinī Treasury | བོད་ཀྱི་བླ་མ། › མདོ་ཟླ་གསལ་དབང་མོ།

Vajrakīla
Courtesy of Himalayan Art Resources
Further information:
༄༅། །གསོལ་འདེབས་བར་ཆད་དབྱིངས་སྒྲོལ་བཞུགས།
ཨེ་མ་ཧོ།
དཔལ་ཆེན་ཁྲག་འཐུང་བཛྲ་ཀཱི་ལ་ཡ། །
ཁྲོ་རྒྱལ་ཡོངས་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས། །
རབ་འཇིགས་དུས་མཐའི་མེ་ལྟར་གཟི་བྱིན་འབར། །
གསོལ་བ་འདེབས་སོ་བར་ཆད་འཚེ་བ་སོལ། །
ཟླ་མིང་པས་སོ།།