Benedictory Verses—Tibetan

Literary Genres › Benedictory Verses | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Buddha Śākyamuni

༄༅། །མ་འོངས་ལུང་བསྟན་གསལ་བྱེད་སྒྲོན་མེའི་སྤར་བྱང་སྨོན་ཚིག

མཉམ་མེད་རྫོགས་པའི་སངས་རྒྱས་ཀྱིས། །
གསུངས་པའི་མ་འོངས་ལུང་བསྟན་འདི། །
དད་ལྡན་རྣམས་ཀྱིས་འཆང་བྱེད་དུ། །
པར་སྐྲུན་ཞུས་པ་རྣམ་དཀར་གྱི། །
དགེ་བས་སྙིགས་དུས་རྒུད་པ་སེལ། །
རྫོགས་ལྡན་བསྐལ་པའི་དབུགས་དབྱུང་ཐོབ། །
བདེ་སྐྱིད་ནམ་མཁའི་ནོར་བུ་ཤར། །
གཏན་བཟང་བླ་མེད་མྱུར་ཐོབ་ཤོག །
ཅེས་མཁྱེན་སྤྲུལ་པས་སྨོན་པ་དགེ་ལེགས་འཕེལ།།

དུས་གསུམ་གཟིགས་པ་སྟོན་མཆོག་དེ་ཡིས། །
འབྱུང་འགྱུར་ལུང་བསྟན་གསལ་བར་གསུངས་པ་རྣམས། །
རྡོ་རྗེ་འཆང་དངོས་ཆོ༵ས་ཀྱི༵་བློ༵་གྲོས༵་ཀྱིས། །
སྙིགས་དུས་འགྲོ་ལ་བརྩེ་བས་ཕྱོགས་བསྡུས་མཛད། །
བསྟན་འགྲོར་ལྷག་བསམ་གཅིག་ཏུ་དཀར་བ་ཡི། །
དད་ཅིང་གུས་པས་འདི་སྒྲུབ་འགྲོ་བ་ཀུན། །
གནས་སྐབས་འཇིགས་ཆེན་བཅུ་ལས་རབ་གྲོལ་ནས། །
མཐར་ཐུག་རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག །
མངྒ་ལཾ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept