Benedictory Verses for Shower of Blessings—Tibetan

Literary Genres › Benedictory Verses | Practices › PrayersGuru Rinpoche PrayersSeven-Line Prayer | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Padmasambhava

༄༅། །བླ་སྒྲུབ་བྱིན་བརླབས་ཆར་འབེབས་ཀྱི་དཔར་བྱང་སྨོན་ཚིག


ཨོཾ་སྭསྟི།
མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི། །
གསོལ་འདེབས་རྡོ་རྗེའི་ཚིག་བདུན་དང་འབྲེལ་བའི། །
བླ་མའི་སྒྲུབ་པའི་བྱིན་རླབས་ཆར་འབེབས་འདི། །
གྲུབ་ཐོབ་རྣལ་འབྱོར་དབང་ཕྱུག་ཐུགས་ཀྱི་བཅུད། །
དཔར་དུ་བཞེངས་པའི་ལེགས་བྱས་གངས་རི་ལྟར། །
དཀར་བའི་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ། །
ཀུན་ཀྱང་ཚུལ་འདིས་གྲོལ་བའི་དཔལ་སྟེར་ནས། །
པདྨ་སཾ་བྷའི་གོ་འཕང་མྱུར་ཐོབ་ཤོག །

ཅེས་པའང་དཔར་བྱང་སྨོན་ཚིག་ཏུ་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་སྨྲས་སོ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept