Pramāṇavārttika Aspiration—Tibetan

Literary Genres › Benedictory Verses | Buddhist Philosophy › Pramāṇa | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | འཕགས་ཡུལ་གྱི་སྐྱེས་བུ་དམ་པ།ཆོས་ཀྱི་གྲགས་པ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཆོས་ཀྱི་གྲགས་པ།

Further information:
Download this text:

༄༅།ཚད་མ་རྣམ་འགྲེལ་གྱི་སྤར་བྱང་སྨོན་ཚིག

ཨོཾ་སྭསྟི།
རྒྱལ་གསུངས་བཀའ་དང་དགོངས་འགྲེལ་ཐམས་ཅད་ཀྱི། །
བསྟན་དོན་རིགས་པའི་ལམ་ནས་གསལ་བྱེད་ཅིང་། །
སྟོན་པའང་རྣམ་དག་ཚད་མར་སྒྲུབ་བྱེད་པའི། །
བསྟན་བཅོས་འདི་ནི་འགྲོ་བ་ཀུན་གྱི་མིག ༡།

བརྟན་པའི་འཁོར་ལོས་ཕྱོགས་ཀྱི་གླང་པོ་ལ། །
གསུངས་གིས་བསྐུལ་བའི་ཚད་མ་ཀུན་ལས་བཏུས། །
དེ་དོན་རྣམ་པར་འགྲེལ་བའི་གཞུང་བཟང་འདི། །
ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པས་ཕྱེས། ༢།

གཞུང་འདི་སྣང་བའི་མོད་ལ་མུ་སྟེགས་རྣམས། །
ས་འོག་མུན་པའི་ཁང་བུར་ཞུགས་པ་དང་། །
ཐུབ་བསྟན་རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེ། །
སྲིད་རྩེར་བསྒྲེངས་པ་བསྟན་བཅོས་འདི་ཡིས་མཐུ། ༣།

དེ་ཕྱིར་མཁས་འདོད་རྣམས་ཀྱིས་བསླབ་དགོས་དང་། །
འཇམ་དཔལ་དབྱངས་ཀྱི་བྱིན་བརླབ་སྣང་བ་ཡིས། །
ཆོས་ཀྱི་ཚུལ་ལ་བློ་གྲོས་གོམ་བྱའི་ཕྱིར། །
ཆོས་སྦྱིན་སྤར་གྱི་འཕྲུལ་ཆེན་དབྱེ་བ་ལས། །
ཐོབ་པའི་ལེགས་བྱས་ཇི་སྙེད་མཆིས་པ་རྣམས། །
བདེ་བར་གཤེགས་ཀྱི་བསྟན་པ་རྒྱས་ཕྱིར་བསྔོ། །

ཚེ་རབས་ཀུན་ཏུ་སྟོན་པ་ཚད་མ་ཡི། །
རྗེས་སུ་སློབ་ཅིང་རིག་བཞིར་དབང་འབྱོར་ཤོག །

ཅེས་པའང་རྣམ་དཀར་སྒྲུབས་པོ་རང་ཉིད་ཀྱིས་སྨོན་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་མངྒ་ལཾ། ཤུབྷཾ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept