Instruction on Pure View and Conduct—Tibetan

Advice | Indian MastersŚākyaśrībhadra

English | བོད་ཡིག

Śākyaśrībhadra

Śākyaśrībhadra

Further Information:

༄༅། །ལྟ་སྤྱོད་རྣམ་དག་གི་མན་ངག་ཅེས་བྱ་བ།

༄༅། །རྒྱ་གར་སྐད་དུ། བི་ཤུདྡྷ་དརྴ་ན་ཙརྱ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ལྟ་སྤྱོད་རྣམ་དག་གི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །རྨི་ལམ་ལྟ་བུར་ཕྱི་རོལ་མིན། །སྒྱུ་མ་ལྟ་བུར་བདེན་དོན་མེད། །ནམ་མཁའ་ལྟ་བུར་མཚན་ཉིད་བྲལ། །ཆོས་ཀུན་རང་བཞིན་འོད་གསལ་བའོ། །འགྲོ་འོང་གནས་མེད་བྱང་ཆུབ་སེམས། །རྒྱ་ཆེན་སེམས་ཅན་དོན་ལ་མཁས། །ཚོགས་གཉིས་དབྱེར་མེད་ལམ་གྱི་མཆོག །སྟོང་ཉིད་སྙིང་རྗེའི་སྙིང་པོ་བསྒོམ། །ལྟ་སྤྱོད་རྣམ་དག་གི་མན་ངག་ཅེས་བྱ་བ་ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་དཔལ་ཆོས་རྗེ་ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།མཁས་པ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཁྲོ་ཕུ་བཟང་ལུང་དུ་བསྒྱུར་བའོ།། །།

• Download this text: EPUB MOBI PDF