The Prayer which is the Source of All True Realization—Tibetan

Guru Rinpoche Prayers | Tibetan Mastersམི་ཕམ་རིན་པོ་ཆེ།

English | Deutsch | Español | Français | བོད་ཡིག

མི་ཕམ་རིན་པོ་ཆེ།

Guru Tsokye Dorje and the Eight Manifestations

Further Information:

༄༅། །གསོལ་འདེབས་དངོས་གྲུབ་ཀུན་འབྱུང་ནི། །

སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌། །

གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །

བྱང་སེམས་ཉེ་བའི་སྲས་བརྒྱད་དང༌། །

སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ། །

གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

ཕྱི་ནང་གསང་བའི་བར་ཆད་སོལ། །

བསམ་པ་ཡིད་བཞིན་འགྲུབ་པ་དང༌། །

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །

གསེར་འཕྱང་མེ་བྱ་སྨིན་ཟླའི་དམར་ཕྱོགས་དགའ་བ་དང་པོའི་ཉི་ཤར་ལ་འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ལས་བརྡོལ་བའོ། །

• Download this text: EPUB MOBI PDF