Introduction—Tibetan

Tibetan MastersChatral Rinpoche

English | བོད་ཡིག

Chatral Rinpoche

Chatral Rinpoche, Sangye Dorje

Further Information:

༄༅། །སྔོན་བརྗོད།

༄༅། །བླ་མའི་རྣམ་ཐར་བླ་མ་རྒྱང་འབོད་དཔལ་རིའི་སྨོན་ལམ་བཅས་དབྱིན་སྐད་དུ་བསྒྱུར་ནས། དད་མོས་ཅན་ལ་ཉམས་ལེན་ཁྱེར་བདེའི་ཕྱིར་པར་བསྐྲུན་གསར་དུ་བཞེངས་མཁན་དད་དམ་བརྟན་ཅིང་། ལྷག་བསམ་དཀར་བ་ཨ་རིའི་བུ་མོ་སངས་རྒྱས་རྒྱལ་མོ་ལ་དགེ་རྩ་བསྔོ་སྨོན་མཚམས་སྦྱོར་དུ། དགེ་འདིས་འཇིག་རྟེན་ཁམས་འདིར་ནད་མུག་མཚོན་འཁྲུགས་ཞི་ཞིང་། བདེ་སྐྱིད་མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་། མཐར་ཐུག་ཡེ་ཤེས་མཁའ་འགྲོ་བདེ་བའི་རྡོ་རྗེའི་དགོངས་ཀློང་དུ་ཕྱམ་གཅིག་གྲོལ་བར་ཤོག །ཅེས་བལ་ཡུལ་ཡང་ལེ་ཤོད་རང་ཤག་ནས་བྱ་བྲལ་སངས་རྒྱས་རྡོར་རྒན་བུ་ལོ་བརྒྱ་ལོན་སྐབས་ནན་ཆེར་བསྐུལ་ངོ་མ་ལྡོག་ཙམ་དུ་བོད་ཟླ་ ༥ ཚེས་ ༡༩ ལ་བྲིས་པ་དགེའོ།། །།

• Download this text: EPUB MOBI PDF