The Fivefold Practice—Tibetan

Literary Genres › Advice | Collections & Cycles › Chokling Tersar | Schools & Systems › Mahāmudrā | བོད་ཀྱི་བླ་མ།མཆོག་གྱུར་བདེ་ཆེན་གླིང་པ།

English | བོད་ཡིག

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:
Download this text:

༄༅། །ལྔ་ལྡན་ཉམས་ལེན།

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

སྔོན་འགྲོ་བྱམས་དང་སྙིང་རྗེ་ལེགས་པར་བསྒོམ། །
དངོས་གཞི་དད་པ་བསྐྱེད་རིམ་མི་རྟོག་ནི། །
བླ་མར་སངས་རྒྱས་དངོས་ཀྱི་མོས་གུས་བསྐྱེད། །
རང་ལུས་ལྷ་ཡི་སྐུ་གསུང་ཐུགས་སུ་ཤེས། །
བལྟ་མཁན་རིག་པའི་ཐོག་ཏུ་བཞག་པ་ན། །
གཉིས་མེད་སྟོང་གསལ་མི་རྟོག་ངང་ལ་གནས། །
འགགས་མེད་སྣང་བ་ཅི་ཤར་འཛིན་རྟོག་བྲལ། །
རྗེས་སུ་ཚོགས་གཉིས་བྱང་ཆུབ་ཆེན་པོར་བལྔོ། །
ལྔ་ལྡན་ཉམས་ལེན་འདི་ཉིད་ལམ་གྱི་གཞུང་། །
འབྲི་གུང་པ་ཡི་རྗེས་ཞུགས་དཀོན་མཆོག་མིང་། །
མིང་གཞན་མཆོག་གྱུར་བདེ་ཆེན་གླིང་པས་བྲིས། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept