Blessing the Activity Vase—Tibetan

Collections & Cycles › Longchen Nyingtik | Deities › Ucchuṣma | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

English | བོད་ཡིག

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Ucchuṣma

Further information:
Download this text:

༄༅། །ལས་བུམ་དམེ་བརྩེགས་བསྒྲུབ་པ།

 

ལས་བུམ་དུ་ཁྲོ་རྒྱལ་དམེ་བ་བརྩེགས་པ་སྐད་ཅིག་གིས་གསལ་བའི་ཐུགས་ཀའི་འོད་ཟེར་འཕྲོ་འདུས་དོན་གཉིས་མཛད།

སྐུའི་ཆ་ཐམས་ཅད་ནས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར།

ཨོཾ་ཨུཤྩི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨ་ཀོ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་བྷུར་ཀུ་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྂ་ཕཊ་ཏོར་ཡ་ཏོར་ཡ་སྭཱ་ཧཱ།

ཞེས་ཅི་ནུས་བཟླས་མཐར།

ཨཱོྂ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝེ་དྱ་ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱ།

བདག་མེད་ལྟ་བའི་ཧེ་རུ་ཀས།།

བདག་ལྟའི་རཱུ་ཏྲ་བསྒྲལ་བ་ཚེ།།

སྣམ་ནས་ཁྲོ་བོའི་རྒྱལ་པོ་བྱུང་༎

གདུལ་དཀའ་འདུལ་མཛད་ཉིད་ལ་བསྟོད།། ཅེས་མཆོད་བསྟོད་དང་།

ཨཱོྂ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པས་ནོངས་པ་བཤགས་ལ།

 

ལས་བུམ་གྱི་ལྷ་འོད་དུ་ཞུ་ནས་ཁྲོ་བོའི་རྡུལ་ཕྲ་རབ་ཏུ་གྱུར།

གཞུང་གི་བརྒྱུད་འདེབས་ལ་འཇུག།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept