Supplementary Texts for the Concluding Rituals—Tibetan

Collections & Cycles › Longchen Nyingtik | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

English | བོད་ཡིག

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Deities of the Longchen Nyingtik

Further information:
Download this text:

༄༅། །རྗེས་ཆོག་ཉེར་མཁོ་བཞུགས།

 

ཚོགས་བྱིན་རླབས་ཀྱི་མགོར་སྤྲོ་ན་ལས་རྡོར་གྱིས་ཚོགས་ཞུས་ནི།

ཚོགས་ཀྱི་ཡོ་བྱད་རྣམས་བྱིན་གྱིས་བརླབ་པ་ལ་ཐུགས་གཏད་པར་ཞུ།

ཞེས་ཞུས། དེ་ནས་ཚོགས་བྱིན་བརླབ་ལ་འཇུག

༈ ཚོགས་ཐ་མའི་སྐབས་སུ་འགུགས་པ་ནི།

ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚོགས་ཐ་མ་དམིགས་པའི་རྟེན་འདི་ལ་ཁུག་ཅིག

ལན་གསུམ་མཐར།

ཛཿཧཱུྃ་བཾ་ཧོཿ

ཧཱུྃཿ མ་རིག་ལས་ཉོན་སོགས། 

༈ ཚོགས་ལ་རོལ་མཐར་སྨོན་ལམ་ནི།

རིག་འདུས་ལ།

ཧཱུྃ། རིག་འཛིན་འདུས་པའི་དཀྱིལ་འཁོར་དུ། །

ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །

བདག་གཞན་འགྲོ་བ་མ་ལུས་པ། །

དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །

དེ་ནས་རང་གཞུང་གི་ལྷག་ཆོག་ལ་འཇུག

ཐུགས་ཆེན་ལ།

ཧཱུྃ། འགྲོ་འདུལ་འཕགས་པའི་དཀྱིལ་འཁོར་དུ། །

ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །

བདག་གཞན་འགྲོ་བ་མ་ལུས་པ། །

དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །

དཔལ་འདུས་སོགས་ཁྲོ་བའི་རིགས་ལ།

ཧཱུྃ། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །

ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །

བདག་གཞན་འགྲོ་བ་མ་ལུས་པ། །

དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །

༈ ཡུམ་ཀ་ལ།

ཧཱུྃ། ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ། །

ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །

བདག་གཞན་འགྲོ་བ་མ་ལུས་པ། །

དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །སོགས། ཞེས་ཁ་བསྒྱུར་རོ།

 

༈ ལྷག་གཏོར་བྱིན་རླབས་ནི།

སྒྲུབ་པ་པོ་རྣམས་ཚོགས་ལ་རོལ་བའི་ལྷག་མ་རྣམས་བསྡུས་ཏེ། གཙང་ལྷག་དང་བཙོག་ལྷག་མཐོང་བརྒྱུད་ལྟར་བཤམས། སྤྲོ་ན་ལས་རྡོར་གྱིས་ལྷག་ཞུས་ནི།

ལྷག་གཏོར་བྱིན་གྱིས་བརླབ་པ་ལ་ཐུགས་གཏད་པར་ཞུ།

ཞེས་ཞུས། ལྷག་གཏོར་ལ་སློབ་དཔོན་གྱིས་ཧེ་རུ་ཀའི་དམ་རྒྱས་ཁ་ཕྲུ་འདེབས་བཞིན་པར།

 

བསྡུ་ན།

ཨོྂ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱ་ནུཏྤནྣཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱཧཱ།

ལན་ཅིག་མཐར།

ཧཱུྃཿ དཀྱིལ་འཁོར་ཆེན་པོའི་སོགས།

 

རྒྱས་པར་བྱེད་ན།

ཚོགས་གཞོང་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཚོགས་ཀྱི་ལྷག་མ་འདོད་པའི་ཡོན་ཏན་ལྔའི་རང་བཞིན་དུ་གྱུར། ཞེས་བསམ་ལ། 

ཨོཾ་ཨཱཿཧཱུྃ། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ

ལྷག་མའི་དམ་རྫས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར།

ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ་ཛཿ

ཞེས་སྤྱུགས་གླུ་དང་བཅས་ལྷག་སྡུད་ཀྱི་ཕོ་ཉའི་ཚོགས་རྣམས་དམ་ཚིག་གི་གནས་སུ་སྤྱན་དྲངས་ལ་།།

ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་ཏྱ་ཤབྡ་པྲ་ཏཱིཙྪ་ཧོཿ

ཞེས་མེ་ཏོག་ལ་སོགས་པས་མཆོད་ནས།

ལྷག་མ་ཞིང་ལྤགས་ཀྱི་སྟེང་དུ་བཞག་ལ།

ཧཱུྃཿ དཀྱིལ་འཁོར་ཆེན་པོའི་

སོགས་ཀྱིས་ཕྱི་རོལ་དུ་གནས་པའི་འབྱུང་པོ་རྣམས་ལ་བྱིན།

ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས། །

མི་ཟད་གཏེར་ལ་ལོངས་སྤྱོད་ཅིང་། །

ཡེ་ཤེས་སྣང་བ་རབ་རྫོགས་ནས། །

ཀ་དག་ཆེན་པོའི་ས་ཐོབ་ཤོག །

ཅེས་གསང་བ་མཆོག་གི་སྐལ་ལྡན་དུ་སྨོན་ལམ་གདབ།

གཏོར་འགུགས་ནི།

ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག

ལན་གསུམ་མཐར།

ཛཿཧཱུྃ་བཾ་ཧོཿ

ཧཱུྃཿ  བཞེངས་ཤིག་རིག་འཛིན་སོགས། 

གཞུང་གི་བསྐུལ་བའི་མཐར་བཀའ་སྲུང་གཏོར་འབུལ་ལ་འཇུག་པ་ན།

སྔགས་མཆོད་བསྡུས་པ།

ཨོཾ་ཤྲཱི་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་པཱུ་ཛཱ་ཧོ་ཁ་རཾ་ཁཱ་ཧི།

ཧཱུྃ་ཧྲཱིཿ  རང་བྱུང་ལྷུན་གྲུབ་སོགས་གཏོར་འབུལ་རྒྱས་བསྡུས་གང་འཚམས་ཀྱིས་མཆོད། 

མཐར་མཆོད་བསྟོད་ནི།

ཨོཾ་ཤྲཱི་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝེ་དྱ་ཤབྡ་སརྦ་པཉྩ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་པཱུ་ཙ་ཁཱ་ཧི།

སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ། །

ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །

མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །

ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །

 

༈ ཆད་ཐོ་བྱིན་རླབས་ནི།

གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།

ཨོཾ་ཨཱཿཧཱུྃ།

ཧཱུྃཿ སྔོན་ཚེ་འོག་མིན་སོགས། 

 

༈ བརྟན་གཏོར་བྱིན་རླབས་ནི།

བཤལ་ཆུ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།

ཨོཾ་ཨཱཿཧཱུྃ།

ཧཱུྃཿ དཔལ་གྱི་བཀའ་ཉན་སོགས། 

 

༈ བྲོ་མནན་གྱི་མགོར་རྒབ་འདྲེ་འགུགས་པ་ནི།

ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་

གནོད་བྱེད་དམ་སྲི་རྒབ་འདྲེ་ལོག་པར་འདྲེན་པ་ཐམས་ཅད་གཏོར་གཞོང་

རི་རབ་གསལ་བའི་འོག་རོལ་དུ་ཁུག་ཅིག

ལན་ཅིག་མཐར།

ཛཿཧཱུྃ་བཾ་ཧོཿ

ཧཱུྃཿ རིག་འཛིན་རྒྱལ་བའི་སོགས། 

བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དཔལ་འབྱོར་པ་ཐམས་ཅད་རྒྱས་པར་གྱུར་ཅིག

བྷྲཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ།

 

༈ གཏང་རག་ལ་མཆོད་པ་རྣམས་ཁ་གསོས།

ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ

ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་རྒྱས་པར་གྱུར་ཅིག

ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

ལན་གསུམ་གྱིས་མཆོད་རྫས་བྱིན་བརླབས་ནས།

རང་གཞུང་གི་མཆོད་བསྟོད་ལ་འཇུག

དེ་ཡང་ཆོ་ག་ཞག་སྦྲེལ་མར་བྱེད་ན། ཞག་བཞི་ཡན་ཆད་ཇི་ཙམ་བྱས་པའི་ཉིན་ཐ་མར་དངོས་གྲུབ་བླང་དགོས་པས། སྐབས་འདིར་སིདྡྷི་ཅི་རིགས་དང་མ་ཧཱ་གུ་རུ་འོས་ཙམ་བྱས་ལ།

ཧོཿ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམསཿ

སོགས་ནས། སིདྡྷི་ཕ་ལ་ཧཱུྃཿ ཞེས་དངོས་གྲུབ་ཀྱི་རྫས་ལ་རོལ། མཐར་ཨཱོྃ་ཤྲཱི་དྷརྨ་པ་ལ་སོགས་བཀའ་སྲུང་གཏོར་འབུལ་དང་མཆོད་བསྟོད་བཅས་སོང་ནས། རང་གཞུང་གི་གཏང་རག་མཆོད་བསྟོད་ལ་འཇུག་པ་ཀུན་ལ་འགྲེའོ། །

 

གཏང་རག་གི་མཆོད་བསྟོད་ནི།

ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ

ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་རྒྱས་པར་གྱུར་ཅིག

ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

ལན་གསུམ་གྱིས་མཆོད་རྫས་བྱིན་བརླབས་ནས།

ནང་སྒྲུབ་རིག་འདུས་ཡིན་ན།

ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིན༔

ཉེར་སྤྱོད་འདོད་ཡོན་སྣ་ལྔ་དང་༔

བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔

སྨན་གཏོར་རཀྟ་དྭངས་རེ་སྤྲོ༔

སྒེག་བཞད་གཡོ་བའི་གར་མ་དང་༔

བདེ་ཆེན་སྦྱོར་བའི་རིག་མ་འབུམ༔

མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔

ཡེ་ཤེས་དབྱིངས་སུ་རྣམ་དག་པའི༔

མཆོད་པའི་ཕྱག་རྒྱ་ཆེན་པོ་སོགས༔

རིག་འཛིན་འདུས་པའི་ལྷ་ལ་འབུལ༔

བཞེས་ནས་དབང་དང་དངོས་གྲུབ་སྩོལ༔

ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝ་དྱ་ཤཔྟ་རཱུ་པ་ཤཔྟ་གནྡྷེ་རཱ་ས་པརྴེ་ཨཱཿཧཱུྃ་

མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བྷ་ལིངྟ་ཁཱ་ཧི། ཞེས་མཆོད། 

ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔

བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔

པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔

སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔

 

གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུ༔

དམ་ཚིག་ཐུགས་རྗེས་འཁོད་པའི་རྩ་གསུམ་ལྷ༔

ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ཕོ་ཉ་བ༔

དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔

 

༈ ཡུམ་ཀའི་ཚེ།

ཧོཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔

འདོད་ཡོན་ལྔ་ཡི་རྒྱན་དུ་ཤར༔

སེམས་ཀྱི་ཡིད་བཞིན་གཏེར་ཆེན་པོ༔

བླང་དོར་མེད་པའི་དགྱེས་མཆོད་འབུལ༔

བཛྲ་ཛྙཱ་ན་ཌཱ་ཀི་ནཱི་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནེེ་ཝེ་དྱ་ཤབྡ་མ་ཧཱ་མུ་དྲཱ་སརྦ་པཱུ་ཛཱ་ཨཱཿཧཱུྃཿ

ཞེས་དང་།

མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བྷ་ལིངྟ་ཁཱ་ཧི། ཞེས་མཆོད། 

བསྟོད་པ།

ཧཱུྃ༔ རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ༔

སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིན༔

དགྱེས་ཆགས་བཞད་པའི་རྣམ་འགྱུར་མཚོ་རྒྱལ་ཡུམ༔

སངས་རྒྱས་པདྨའི་ལྕམ་ལ་ཕྱག་འཚལ་བསྟོད༔

 

བཅུ་དྲུག་དགའ་སྟེར་མཆོག་གི་ཕོ་ཉ་མོའི༔

གསལ་སྣང་སྒྱུ་མའི་ཏིང་འཛིན་དང་འགྲོགས་པས༔

ཕྱི་ནང་གཞན་གསུམ་རྩ་རླུང་ཐིག་ལེའི་ཁམས༔

ཀུན་ཏུ་བཟང་མོའི་ཀློང་དུ་དག་གྱུར་ཅིག༔

སོགས་ཐོག་མཐའི་ཚིགས་བཅད་ཀྱིས་བསྟོད།

 

ཧཱུཾཿ ཉེར་སྤྱོད་ལྔ་དང་འདོད་ཡོན་ཀུན༔

དབང་པོ་ལྔ་ཡི་རྒྱན་དུ་ཤར༔

མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིས༔

དཔལ་ཆེན་ལྷ་ཚོགས་མཉེས་གྱུར་ཅིག༔

ཨོཾ་ཤྲཱི་བཛྲ་ས་པ་རི་ཝཱ་ར་དྷུ་པེ་ཧཱུཾཿ པུཥྤེ་ཏྲཱཾཿ ཨ་ལོ་ཀེ་ཧྲཱིཿ གྷནྡྷཻ་ཧོཿ ནཻ་ཝི་དྱེ་ཨཱཿ ཤབྡ་ཧཱུཾཿ སརྦ་པཱུ་ཛ་ས་མ་ཡ་ཧོཿ

མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བྷ་ལིངྟ་ཁཱ་ཧི། ཞེས་མཆོད། 

ཧཱུཾཿ མི་སྡུག་སྲིན་པོའི་སྐུ་ནི་སྒེག་ཅིང་དཔའ༔

དྲག་ཤུལ་རྡོ་རྗེའི་གད་མོ་གཤེ་བའི་སྒྲ༔

མཆོག་ཏུ་ཞི་བའི་ཐུགས་ནི་སྙིང་རྗེ་རྔམས༔

གར་དགུས་ས་གསུམ་རྣམ་གནོན་ཁྱོད་ལ་བསྟོད༔

 

ཆོས་ཉིད་གཅིག་ལ་ཡེ་ཤེས་ཀློང་དགུའི་རྩལ༔

གདུལ་བྱའི་ཁམས་ལ་དགྱེས་ཆགས་ཁྲོ་བའི་ཉམས༔

རོལ་པའི་ཆོ་འཕྲུལ་མི་བཟད་འབར་བའི་སྐུ༔

བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ལྷ་ལ་བསྟོད༔

སོགས་གོང་འོད་གི་ཤླཽ་ཀ་གཉིས་ཀྱིས་བསྟོད་

ནོངས་བཤགས་མཐར་མདུན་བསྐྱེད་གསལ་ཡོད་ཚེ་རྟེན་ཡོད་ན།

ཨཱོྃ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །

འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །

ནད་མེད་ཚེ་དང་དབང་ཕྱུག་དང་། །

མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །

ཨཱོྃ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།

ཞེས་བརྟན་བཞུགས་དང་། རྟེན་མེད་ན་གཤེགས་གསོལ་བྱ་བའོ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept