Longchen Nyingtik Kator—Tibetan

Collections & Cycles › Longchen Nyingtik | Practices › Torma Offering | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

English | བོད་ཡིག

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Deities of the Longchen Nyingtik

Further information:
Download this text:

༄༅། །དྲིལ་ཆོག་སྐབས་དཀར་གཏོར།

 

དྲིལ་ཆོག་སྐབས་དཀར་གཏོར་ལ། ཐོག་མར་ལས་བུམ་བདུད་རྩི་འཁྱིལ་བས་བསྒྲུབས་ཡོད་ན། དཀར་གཏོར་ལ་དམིགས་ནས།

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄།

ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ།

སྟོང་པ་ཉིད་དུ་གྱུར།

སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་གཙང་ལྡན་གྱི་གཏོར་མ་འདི་དཀར་གསུམ་མངར་གསུམ་ལས་གྲུབ་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།

ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་ཧོ།

 

མེད་ན།

ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ྄༔

རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ་པོའི་སྐུར་གྱུར།

ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཕཊ྄༔

ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ།

སྟོང་པ་ཉིད་དུ་གྱུར།

སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་གཙང་ལྡན་གྱི་གཏོར་མ་འདི་དཀར་གསུམ་མངར་གསུམ་ལས་གྲུབ་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།

ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་ཧོ།

 

ཨོྂ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱ་ནུཏྤནྣཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱཧཱ།ལན་གསུམ།

གང་དག་འདིར་གནས་ལྷ་དང་ཀླུ། །

གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །

སྔགས་སྤྱོད་དོན་དུ་གཏོར་མ་འདི། །

འབུལ་གྱིས་ཡང་དག་བཞེས་སུ་གསོལ། །

རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །

ནད་མེད་ཚེ་དང་དབང་ཕྱུག་དང༌། །

དཔལ་དང་གྲགས་དང་སྐལ་པ་བཟང༌། །

ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །

ཞི་དང་རྒྱས་ལ་སོགས་པ་ཡི། །

ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །

དམ་ཚིག་ཅན་གྱིས་བདག་ལ་སྲུངས། །

དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །

དུས་མིན་འཆི་དང་ནད་རྣམས་དང༌། །

གདོན་དང་བགེགས་རྣམས་མེད་པར་མཛོད། །

རྨི་ལམ་ངན་དང་མཚན་མ་ངན། །

བྱ་བྱེད་ངན་པ་མེད་པར་མཛོད། །

འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །

འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །

དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །

ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept