Preliminary Torma for Drum Rites—Tibetan

Collections & Cycles › Longchen Nyingtik | Practices › Torma Offering | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

English | བོད་ཡིག

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Deities of the Longchen Nyingtik

Further information:
Download this text:

༄༅། །རྔ་ཆོག་སྐབས་སྔོན་གཏོར།

 

རྔ་ཆོག་སྐབས་སྡེ་བརྒྱད་མཆོད་གཏོར་ལ་སྔགས་དྲུག་ཕྱག་དྲུག་གིས་བརླབ་ནི།

ཨོཾ་སྭ་བྷཱ་ཝ་ཤཱུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ།

ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། །

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄ཿ

ཨཱོྂ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨཱོྂ་སཾ་བྷ་ར་སཾ་བྷ་ར་ཧཱུྃ།

ཨཱོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ:ས་མནྟ་སྥ་ར་ཎ་རཤྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ།

ན་མཿས་མནྟ་བུདྷ་ནཾ་གྲ་ཧེ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ།

བདེན་སྟོབས་ནི།

ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །

དེ་བཤིན་གཤེགས་པའི་སྦྱིན་སྟོབས་དང་། །

ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །

སྡེ་བརྒྱད་མགྲོན་ལ་མཆོད་པ་དང་། །

སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །

དོན་རྣམས་གང་དག་བསམ་པ་ཀུན། །

དེ་དག་ཐམས་ཅད་ཅི་རིགས་པ། །

ཐོགས་པ་མེད་པར་འབྱུང་གྱུར་ཅིག །

 

འདོད་གསོལ་ནི།

སངས་རྒྱས་ཀྱི་བསྟན་པ་དར་བ་དང་།

སེམས་ཅན་ལ་བདེ་སྐྱིད་འབྱུང་བ།

རྣལ་འབྱོར་པ་བདག་ཅག་སྒྲུབ་པ་པོས།

ཞི་བའི་ལས་དང་། རྒྱས་པའི་ལས་དང་། དབང་གི་ལས་དང་། དྲག་པོའི་ལས་དང་།

ལས་རབ་འབྱམས་གང་བརྩམ་པ་ཐམས་ཅད་ཐོགས་པ་མེད་ཅིང་མྱུར་བ་ཉིད་དུ་འགྲུབ་པའི་སྡོང་གྲོགས་མཛད་དུ་གསོལ།

ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པའི་ནད་གདོན། འགལ་རྐྱེན། བར་ཆད། ཆག་ཆེ། ཉམ་ང་། ལོ་སྐེག ཟླ་གཤེད་ལ་སོགས་པ་མི་འདོད་པའི་ཉེ་བར་འཚེ་བ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་ཞིང་བཟློག་པའི་ཕྲིན་ལས་མཛད་དུ་གསོལ།

མདོར་ན་མཐོ་རིས་ཀྱི་ཡོན་ཏན་བདུན་དང་། སྡེ་བཞིའི་དཔལ་ཕུན་སུམ་ཚོགས་པ་ལ་རང་དབང་བསྒྱུར་ནས། རྟག་ཏུ་དགེ་བ་བཅུའི་ཆོས་ཡང་དག་པ་ལ་སྤྱོད་ཅིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དབུགས་འབྱིན་པའི་ཕྲིན་ལས་དམ་པ་རྒྱ་ཆེན་པོ་ཡོངས་སུ་འགྲུབ་པར་མཛད་དུ་གསོལ།

དེ་ནས་བགེགས་གཏོར་བྱིན་རླབས་ལ་འཇུག

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept