Chökyi Nyima Rinpoche Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།བདུད་འཇོམས་རིན་པོ་ཆེ། | བོད་ཀྱི་བླ་མ།ཆོས་ཀྱི་ཉི་མ་རིན་པོ་ཆེ།

English | བོད་ཡིག

བདུད་འཇོམས་རིན་པོ་ཆེ།

ཆོས་ཀྱི་ཉི་མ་རིན་པོ་ཆེ།

༄༅། །ཆོས་ཀྱི་ཉི་མ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

 

ཨོཾ་སྭསྟི། །

འཕོ་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ནི། །

མི་ཤིགས་རྡོ་རྗེའི་ལང་ཚོས་སྒེག་པའི་སྐུར། །

ཡོངས་ཤར་འཕགས་མ་ཡིད་བཞིན་འཁོར་ལོ་ཡིས། །

དེང་འདིར་འཆི་མེད་རྟག་པའི་བྱིན་ཆེན་ཕོབ། །

 

འཇིག་རྟེན་དབང་ཕྱུག་དཔལ་ལྡན་ཀ༵རྨ༵་པའི། །

རྨད་བྱུང་ཐུགས་བསྐྱེད་བས༵མ་གཏན༵་ལྗོན་པའི་ཀླུང༌། །

མཛེས་བྱེད་གཞན་ཕན་དཔག་བསམ་ཡོང༵ས་འདུ༵འི་དབང༌། །

མཚུངས་མེད་རྒྱལ་བའི་མྱུ་གུ་ཞབས་བརྟན་གསོལ། །

 

ལུང་རྟོགས་མདོ་སྔགས་ཆོ༵ས་ཚུལ་པདྨའི་ཚལ། །

བཤད་སྒྲུབ་འོད་ཀྱི༵་སྣང་བས་འབྱེད་མཛད་པ། །

མཆོག་གསང་ངེས་དོན་བསྟན་པའི་ཉི༵་མ༵་ཆེ། །

ལྟ་ངན་མུན་པའི་གཤེད་དུ་ཞབས་བརྟན་གསོལ། །

 

འབྲེལ་བཅས་ཐར་ལམ་འདྲེན་པའི་ཕྲི༵ན་ལ༵ས་རྒྱུན། །

ནམ་ཡང་མི་ཆད་ཡངས་པའི་ས་ཀུན༵་ཁྱབ༵། །

རིས་སུ་མ་མཆིས་བསྟན་དང་འགྲོ་བ་ཡི། །

དཔུང་གཉེན་དམ་པ་ཉིད་དུ་ཞབས་བརྟན་གསོལ། །

 

འདྲེན་མཆོག་སྐྱེས་བུའི་ཞབས་པད་བསྐལ་བརྒྱར་བརྟན། །

ངེས་དོན་ཆོས་ཀྱི་དབྱངས་སྙན་ཕྱོགས་མཐར་སྒྲོགས། །

སྒྲུབ་བརྒྱུད་རིང་ལུགས་སྟོན་གྱི་འབྲས་བཞིན་སྨིན། །

དགེ་ལེགས་རྫོགས་ལྡན་བཞད་པའི་བཀྲ་ཤིས་ཤོག།

 

ཅེས་སྒར་བླ་སྐུ་ཕྲེང་བདུན་པའི་བརྟན་བཞུགས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཀུན་དགའི་ལོ་སྨིན་ཟླའི་ཡར་ངོ་བཟང་པོ་གསུམ་པའི་དུས་དགེ་བར་འདུན་སྨོན་དུ་སྤེལ་བ་སིདྡྷི་རསྟུ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept