Concise Sang Offering to Tārā—Tibetan

Deities › Tārā | Practices › Sang Offering | བོད་ཀྱི་བླ་མ།ཀརྨ་ཆགས་མེད།

English | Français | བོད་ཡིག

ཀརྨ་ཆགས་མེད།

Ārya Tārā

Further information:
Download this text:

༄༅། །རྗེ་བཙུན་སྒྲོལ་མའི་བསང་བསྡུས་བཞུགས་སོ།།

 

ཏཱཾཿ  སངས་རྒྱས་ཀུན་གྱི་ཡུམ་གཅིག་རྗེ་བཙུན་མ། །

ཉི་ཤུ་རྩ་གཅིག་ལྷ་མོའི་ཚོགས་དང་བཅས། །

ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབ་མཛད་མ། །

གནས་འདིར་སྤྱན་འདྲེན་ཐོགས་མེད་ད་ཚུར་བྱོན། །

 

དངོས་འབྱོར་ཡིད་སྤྲུལ་ལྷ་མིའི་འདོད་ཡོན་དང་། །

བསང་དང་གཏོར་མ་ཟས་ཀྱི་མཆོད་པ་འབུལ། །

 

ཁྱད་པར་ཡུལ་ཕྱོགས་དགོན་གནས་འདི་ཉིད་ལ། །

མི་མཐུན་ཉེར་འཚེའི་མཚན་མ་ཀུན་ཞི་ནས། །

མི་ནད་ཕྱུགས་ནད་ཞི་ཞིང་མེད་པར་མཛོད། །

ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས་པ་དང་། །

 

མདོར་ན་བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །

བཙན་ཕྱུག་མངའ་ཐང་ཆོས་སྲིད་བསྟན་པ་དར། །

སྐུ་ཚེ་ཆོས་སྲིད་ཡར་ངོའི་ཟླ་ལྟར་འཕེལ། །

གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །

 

ཅེས་ཨ་རཱ་གས་སྦྱར་བའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept