Dedication from Vajravārāhī Cycle—Tibetan

Practices › Dedication | Practices › Aspiration PrayersSukhāvatī Aspirations | Deities › Amitābha | Collections & Cycles › Namchö | Literary Genres › Termas | Collections & Cycles › Rinchen Terdzö | Collections & Cycles › Nyingma Mönlam | བོད་ཀྱི་བླ་མ།གཏེར་སྟོན་མི་འགྱུར་རྡོ་རྗེ།

English | Français | Português | བོད་ཡིག

གཏེར་སྟོན་མི་འགྱུར་རྡོ་རྗེ།

གཏེར་སྟོན་མི་འགྱུར་རྡོ་རྗེ།

Further information:
Download this text:

༁ྂ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་རྡོ་རྗེ་ཕག་མོའི་སྐོར་ལས་དགེ་བ་བསྔོ་བ་བཞུགས་སོ༔

 

གུ་རུ་དྷེ་ཝ་དྷཱ་ཀི་ནི་ཧཱུྃ༔

ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔

ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔

བདག་གིས་དུས་གསུམ་དགེ་བསགས་པ༔

དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔

རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔

དགེ་བ་སེམས་ཅན་ཀུན་ལ་བསྔོ༔

འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔

དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ༔

བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔

སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཏེ༔

ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔

ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔

ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔

བདེ་བ་ཅན་དུ་སྐྱེ་གྱུར་ཅིག༔

སྐྱེས་ནས་པདྨོ་ཁ་ཕྱེ་སྟེ༔

ལུས་རྟེན་དེ་ལ་སངས་རྒྱས་ཤོག༔

བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔

སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔

ས་མ་ཡ༔ རྒྱ་རྒྱ་རྒྱ༔

 

ཅེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་མ་ཆུ་སྟོད་ཅན་གྱི་ཚེས་གཅིག་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་བཀའ་སྩལ་པའོ༔

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept