Thangtong Gyalpo Refuge—Tibetan

Practices › Taking Refuge | བོད་ཀྱི་བླ་མ།ཐང་སྟོང་རྒྱལ་པོ།

English | Deutsch | Español | Français | Italiano | Português | བོད་ཡིག

ཐང་སྟོང་རྒྱལ་པོ།

ཐང་སྟོང་རྒྱལ་པོ།

༄༅། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཐུགས་དམ་ཕྱི་ནང་གསང་བའི་སྐྱབས་འགྲོ།

 

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །

སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །

རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །

 

ཞེས་སྤྱན་རས་གཟིགས་ཀྱིས་ཆོས་རྗེ་བཀའ་ལྔ་པར་གནང་ནས་འདི་དགེ་སློང་བརྩོན་འགྲུས་བཟང་པོ་ཐང་སྟོང་རྒྱལ་པོ་ལ་བྱིན་ཅིག་དེས་འཛམ་གླིང་གི་མི་ལ་བསྒྲགས་ནས། གནས་སྐབས་ནད་གདོན་བར་ཆད་ཐམས་ཅད་བསལ། ངན་སོང་ལས་སྐྱོབ་པར་བྱེད་དོ་གསུངས་པ་བྱིན་རླབས་ཅན་ནོ། །དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept