Eight-Branch Offering—Tibetan

Practices › Seven Branches | Deities › Vajrakīlaya | བོད་ཀྱི་བླ་མ།འཇིགས་མེད་གླིང་པ།

English | Français | Português | བོད་ཡིག

འཇིགས་མེད་གླིང་པ།

Vajrakīlaya

Further information:
Download this text:

༄༅། །ཕུར་པ་རྒྱུད་ལུགས་བཀའ་མའི་ཡན་ལག་བརྒྱད་པ་བཞུགས།

 

རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །

 

མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །

 

དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །

དག་པའི་མཆོད་པ་བཞེས་སུ་གསོལ། །

 

དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །

ཉེས་བྱས་མ་ལུས་བཤགས་པར་བགྱི། །

 

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །

མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །

 

དག་པའི་མཐའ་བཞིའི་དྲི་མ་མེད། །

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །

 

བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །

དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །

 

ཚེ་རབས་བགྲངས་པའི་དགེ་བ་རྣམས། །

བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept