Brief Sukhāvatī Aspiration—Tibetan

Amitābha & Sukhāvatī | Tibetan MastersTertön Mingyur Dorje

English | Deutsch | Español | Français | Italiano | Nederlands | བོད་ཡིག

Tertön Mingyur Dorje

Amitābha, Buddha of Boundless Light

Further Information:

༈ སྨོན་ལམ་བསྡུས་པ་ནི།

ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔

གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔

གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔

སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔

བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔

བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔

བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔

སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔

དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔

དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔

ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔

གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔

ཏདྱ་ཐཱ༔ པཉྩ་ནྡྲི་ཡ་ཨཱ་ཝ་བོ་དྷ་ནཱ་ཡེ་སྭཱ་ཧཱ༔

ཞེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་གཙོ་འཁོར་རྣམས་ཀྱིས་ཞལ་གཟིགས་པའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དངོས་སུ་གསུངས་པའོ།། །།

• Download this text: EPUB MOBI PDF