ལོ་ཙཱ་བ་ཁང་དང་ང་ཚོའི་ལས་འཆར་ལ་རྒྱབ་སྐྱོར་གནང་རོགས།
English | Deutsch | Español | Français | Português | 中文 | བོད་ཡིག

ཁྱེད་ཀྱིས་ཀུན་ལ་ཕན་པའི་བྱ་གཞག་ཆེན་པོ་ཞིག་སྒྲུབ་སོང་། ཐུགས་རྗེ་ཆེ།
ང་ཚོ་ནི་ཁེ་མེད་ཚོགས་པ་ཞིག་ཡིན། ང་ཚོའི་ལས་འཆར་མུ་མཐུད་རྒྱུན་བསྐྱངས་ཐུབ་མིན་ནི་ཁྱེད་ཀྱི་ཞལ་འདེབས་ལ་རག་ལུས་ཡོད། ཁྱེད་རྣམ་པའི་རྒྱབ་སྐྱོར་ཡོད་པའི་སྟབས་ཀྱིས་ང་ཚོས་བསྟན་བཅོས་གང་མང་སྒྲ་བསྒྱུར་བྱས་ནས་ཀུན་ལ་རིན་མེད་ཐོག་མཉམ་སྤྱོད་ཕན་པ་སྒྲུབ་ཐུབ་ངེས།
ལོ་ཙཱ་བ་ཁང་གིས་ཉེ་ཆར་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད། ང་ཚོས་༢༠༠༤ ལོར་འགོ་བཙུགས་པ་དང་། དམིགས་ཡུལ་ནི་བོད་ཀྱི་ནང་བསྟན་གསུང་རབ་སྒྲ་སྒྱུར་ཚད་ལྡན་དང། དྲ་ཐོག་ཏུ་རིན་མེད་ཆོས་སྦྱིན་གྱི་འགྲེམས་སྤེལ་བྱེད་རྒྱུ་དེ་ཡིན། དེང་སྐབས་འཛམ་གླིང་སྟེང་གི་བོད་བརྒྱུད་ནང་བསྟན་སློབ་མ་སྟོང་ཕྲག་མང་པོས་དྲ་ཚིགས་འདི་རྒྱུན་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་དྲ་ཚིགས་འདི་ནི་ཆེས་རིན་ཐང་བྲལ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཅེས་ང་ཚོར་བརྗོད་ཀྱི་འདུག
ད་ལྟ་ང་ཚོར་ལས་འཆར་རྣམ་གྲངས་ཆེན་པོ་བཞི་ཡོད་པ་དང་། དེ་དག་སྐད་རིགས་དགུ་ཡི་ནང་དུ་ཆོས་ཚན་ ༥༠༠༠ ལྷག་ཙམ་འདོན་སྤེལ་བྱས་ཡོད། དེ་ནི་རྩོམ་པ་པོ་༣༥༠ ཡས་མས་ཀྱིས་བརྗོད་གཞི་༢༥༠ ཙམ་གྱི་ཐོག་མཛད་པའི་བརྩམས་ཆོས་ཡིན།
ང་ཚོའི་ལོ་ཙཱ་བ་དང་རྩོམ་སྒྲིག་པ་རྣམས་ཀྱིས་རིན་ཐང་ཅན་གྱི་བརྩམས་ཆོས་འདི་དག་རིན་མེད་མཁོ་སྤྲོད་ཐུབ་པའི་དམ་བཅས་ཡོད་མོད། འོན་ཀྱང་ང་ཚོས་མུ་མཐུད་དེ་ལྟར་བྱེད་ཐུབ་པར་དངོས་སུ་དཔལ་འབྱོར་མཐུན་རྐྱེན་དང། རྒྱུ་སྦྱོར་བའི་གཏོང་ཕོད་ཞལ་འདེབས་ལ་བརྟེན་དགོས་ཀྱི་ཡོད། དེར་བརྟེན་དེ་རིང་ང་ཚོའི་གལ་ཆེའི་དམིགས་ཡུལ་འགྲུབ་ཆེད་ཞལ་འདེབས་གནང་བར་དགོངས་མངའ་ཞུ། ཁྱེད་ཀྱི་རོགས་རམ་ཆུང་ངུ་ཞིག་གིས་ང་ཚོར་ཕན་ཐོགས་ཆེན་པོར་འབྱུང་ངེས་ཡིན།
ཁྱེད་རང་གིས་གོང་གི་འགེངས་ཤོག་བརྒྱུད་ནས་ཞལ་འདེབས་གནང་ཆོག་ལ། ཡང་ན་ཡག་ཤོས་དེ་ Patreon བརྒྱུད་ནས་ང་ཚོར་རྒྱུན་དུ་རྒྱབ་སྐྱོར་གནང་ཐུབ།
གལ་ཏེ་ཁྱེད་རང་དངུལ་ཁང་བརྒྱུད་ནས་ཞལ་འདེབས་གནང་འདོད་ཡོད་ཚེ། ཞིབ་ཕྲའི་གནས་ཚུལ་ལ་ང་ཚོར་གློག་འཕྲིན་གཏོང་རོགས།

ཁྱེད་ཀྱི་དྲ་ཚིགས་རྒྱ་བསྐྱེད་དང་ཡར་རྒྱས་ཡོང་བར་ཤོག
ཁྱེད་རང་དབྱིན་ཡུལ་དུ་བཞུགས་ཀྱི་ཡོད་དམ། གལ་ཏེ་ཡོད་ན། ང་ཚོའི་དཔེ་ཚོང་ཁང་ལ་ཕེབས་རོགས།
ང་ཚོས་བདམས་སྒྲིག་བྱས་པའི་དཔེ་དེབ་རྣམས་གཟིགས་པ། དེ་བཞིན་ཉོ་ཚོང་གནང་བ་བཅས་ཀྱི་ཐོག་ནས་ཀྱང་ང་ཚོར་རྒྱབ་སྐྱོར་གནང་ཐུབ། bookshop.org, ང་ཚོའི་དཔེ་ཚོང་ཁང་བརྒྱུད་ནས་བྲིན་ཚོང་བྱུང་ཚད་གང་ཡིན་ལ་མ་ལྟོས་པར་བརྒྱ་ཆ་ ༡༠ ང་ཚོར་ཐོབ་པ་དང་། དེ་མཚུངས་ཀྱིས་བརྒྱ་ཆ་ ༡༠ དོ་བདག་དཔེ་ཚོང་ཁག་ལ་འགྲོ་བཞིན་ཡོད།
ཁྱེད་ཀྱི་གཏོང་ཕོད་ལ་ཐུགས་རྗེ་ཆེ།
Lotsawa House is registered in the UK as a Community Interest Company (#14358325), a category of company which exists primarily to benefit a community or with a view to pursuing a social purpose, with all profits having to be used for this purpose.