The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

ལས་འཆར།

English | Deutsch | Español | Français | Português | བོད་ཡིག

ལོ་ཙཱ་བ་ཁང་གི་ད་ལྟའི་ལས་གཞི་ཆེན་པོ་བཞི།

ལས་འཆར་འདིའི་དམིགས་ཡུལ་ནི་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ (༡༨༩༣–༡༩༥༩) ཀྱི་གསུང་འབུམ་སྐད་ཡིག་གཞན་དུ་བསྒྱུར་རྒྱུ་དེ་ཡིན། འཆར་གཞི་འདི་ནི་ཐོག་མར་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་དང་། གཏེར་སྟོན་བསོད་རྒྱལ་དགེ་རྩ་ཚོགས་པ་ཟུང་འབྲེལ་ཐོག་ ༢༠༡༩ ལོ་ནས་འགོ་ཚུགས་ཤིང ༢༠༢༣ ལོ་བར་རྒྱུན་འཁྱོངས་ཐུབ་པ་དང། ལོ་བཞིའི་རིང་ལ་ཡིག་བསྒྱུར་ཆོས་ཚན་ ༥༠༠ ཆ་ཚང་བར་ལེགས་གྲུབ་བྱུང་ཡོད། རེ་ཞིག་ལས་གཞི་གཉིས་པ་འགོ་མ་བཙུགས་གོང་དུ་མཚམས་འཇོག་བྱས་པ་ཡིན། དེ་ཡང་ང་ཚོའི་དམིགས་གཏད་གཙོ་བོ་ནི། དེ་སྔོན་པར་སྐྲུན་བྱ་རྒྱུར་ལུས་པའི་ཟིན་བྲིས་རྣམས་ལེགས་པར་བསྒྲིགས་ནས་དེ་དག་སྐད་ཡིག་གཞན་དུ་སྒྲ་བསྒྱུར་བྱ་རྒྱུ་དེ་ཡིན།
ལས་འཆར་འདིའི་དམིགས་ཡུལ་ནི། ཀློང་ཆེན་སྙིང་ཐིག་གི་རྩ་གཞུང་རྣམས་སྐད་ཡིག་གཞན་ལ་བསྒྱུར་རྒྱུ་དེ་ཡིན། ཀློང་ཆེན་སྙིང་ཐིག་ནི་དུས་རབས་བཅོ་བརྒྱད་པར་ཡུལ་དབུས་སུ་བྱོན་པའི་ཀུན་མཁྱེན་འཇིགས་མེད་གླིང་པའི་ (༡༧༢༩/༣༠–༡༧༩༨) གཏེར་ཆོས་ཤིག་ཡིན། ལས་འཆར་འདི་ལ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་སོགས་བླ་མ་མང་པོས་མཐུན་འགྱུར་གནང་བ་དང་། ཧན་ཀོབ་ཀྱིས་གཙོ་སྐྱོང་གནང་བཞིན་ཡོད།
ལས་འཆར་འདི་ནི། ཙཱ་འདྲ་ཐེབས་རྩ་ཚོགས་པས་གཉེར་བའི་ལོ་མང་ལས་འཆར་ཞིག་ཡིན། དེ་ནི་རྫོགས་ཆེན་གྱི་གཞུང་ཤིན་ཏུ་གལ་འགངས་ཆེ་བ་སྙིང་ཐིག་ཡ་བཞི་སྒྲ་བསྒྱུར་བྱ་རྒྱུ་དེ་ཡིན། ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར་ (༡༣༠༨-༡༣༦༤) གྱིས་མཛད་པའི་སྙིང་པོའི་ཐིག་ལེ་ཡན་ལག་བཞི་སྟེ། བི་མ་སྙིང་ཐིག བླ་མ་ཡང་ཏིག མཁའ་འགྲོ་སྙིང་ཐིག མཁའ་འགྲོ་ཡང་ཏིག ཟབ་མོ་ཡང་ཏིག་བཅས་ཡིན། ལས་འཆར་འདི་ ༢༠༢༣ ལོའི་ཟླ་དགུ་པ་ལ་འགོ་བཙུགས་པ་དང་། འདིའི་སློབ་སྟོན་པ་གཙོ་བོ་ནི་ཨ་ལགས་གཟན་དཀར་རིན་པོ་ཆེ་མཆོག་ཡིན།
མཁན་ཆེན་ངག་དབང་དཔལ་བཟང་ (༡༨༧༩–༡༩༤༡) མཆོག་གི་གདམས་ངག་རྣམས་ནི་བརྗོད་ཚིག་སྤྲོས་པ་ཉུང་ཞིང་ཧ་ཅང་གསལ་བ་དང་གཏམ་རྒྱུད་ལྟ་བུ་ཤ་སྟག་ཏེ། ཁོང་གིས་སློབ་མ་རྣམས་ལ་འཁོར་བར་སྐྱོ་ཤས་དང་ཞེན་ལོག་རྣལ་མ་རྒྱུད་ལ་སྐྱེ་བའི་སྐུལ་མ་རྐྱང་ཡིན། འདི་བསྒྱུར་བ་པོ་མཁན་པོ་ཇོ་སེབ་མེ་ཀེ་ལེན་གྱིས་གཙིགས་ཆེར་བཟུང་ནས་འབྲུག་པའི་ཞུ་དག་པ་སྙིང་རྗེ་ N.T. ལགས་ཀྱི་རམ་འདེགས་འོག་གསུང་འབུམ་པོད་དགུ་ཅན་ལས་པོད་གཉིས་པའི་ཞལ་གདམས་སྐོར་རྣམས་བསྒྱུར་ཞུས་ཀྱི་ཕྱག་ལས་གནང་བཞིན་ཡོད།
This website uses cookies to collect anonymous usage statistics and enhance the user experience.
Decline
Accept