ཕྱི་ལོ་༢༠༡༧ ལོར་པར་སྐྲུན་བྱས་པའི་མཁའ་འགྲོའི་ཆོས་མཛོད་ཆེན་མོ་ནི། བོད་ཡིག་ཐོག་བསྒྲིགས་པའི་ནང་པའི་སྐྱེས་མའི་བརྩམས་ཆོས་དང་སྐྱེས་མའི་སྐོར་གྱི་རྩོམ་ཡིག་ཐོག་མ་དེ་ཡིན་ཞིང། བརྩམས་ཆོས་དང་ལོ་རྒྱུས་ཕྱོགས་བསྒྲིགས་ཆེ་ཤོས་ཡང་ཡིན། ཁྱོན་པོད་ ༥༣ ཡོད། ཆོས་མཛོད་འདིའི་པར་སྐྲུན་གནང་མཁན་ནི་འཛམ་གླིང་སྟེང་གི་ནང་པའི་དགོན་སྡེ་ཆེ་ཤོས་ཤིག་ཏེ། བོད་ཤར་ཕྱོགས་གསེར་རྟ་ཁུལ་དུ་ཡོད་པའི་བླ་རུང་སྒར་གྱི་ཨརྱ་ཏཱ་རེའི་བཙུན་མ་སློབ་གཉེར་བ་རྣམས་ཡིན།
མཁའ་འགྲོའི་ཆོས་མཛོད་ཆེན་མོ་ནི་བཙུན་མ་མཁས་པ་འདི་དག་གིས་ནང་པའི་སྔོན་བྱོན་སྐྱེས་མའི་གདམས་པ་དང་། ལོ་རྒྱུས་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུའི་ཀུན་སློང་ཤུགས་དྲག་པོ་ལས་བྱུང་བའི་འབྲས་བུ་ཞིག་ཡིན།
འདི་ནི་དེང་རབས་བོད་ནས་ཐོན་པའི་དཔར་སྐྲུན་ཆེས་སྤྲོ་སྣང་ལྡན་པ་ཞིག་ཡིན་ཏེ། དེའི་ནང་དུ་སྔོན་ཆད་མི་ཤེས་ཤིང་སྔོན་ཆད་ནམ་ཡང་མ་བསྒྱུར་བའི་བརྩམས་ཆོས་མང་པོ་འདུས་ཡོད་པས་ན། ང་ཚོས་ལོ་རྒྱུས་ཐོག་གི་ནང་པའི་སྐྱེས་ཆེན་མ་རྣམས་དང་། མོ་རྒྱུད་ཡི་དམ། མཁའ་འགྲོ་མ་སོགས་ལ་ཤེས་བྱ་གསར་པ་དང་གོ་རྟོགས་གསར་པ་རྙེད་བཞིན་ཡོད།
མཁའ་འགྲོའི་ཆོས་མཛོད་ཆེན་མོའི་ནང་དུ་ལོ་ངོ་སྟོང་ཕྲག་གཉིས་ཙམ་རིང་གི་དཔྱད་གཞིའི་ཡིག་ཆ་དང་། བོད་མཐོ་སྒང་གི་ས་ཁུལ་ཡོངས་སུ་གནས་པའི་རིས་མེད་ཀྱི་ནང་པའི་གྲུབ་མཐའ་ཉམས་ལེན་གནང་མཁན་གྱི་སྐྱེས་མ་རྣམས་ཀྱི་ཁྱད་ཆོས་བསྟན་ཡོད།
པོད་ ༥༣ ཡོད་པའི་ཕྱོགས་བསྒྲིགས་འདིའི་ནང་དུ་བཀའ་འགྱུར་གྱི་འདུལ་བ་དང་མདོ་སྡེའི་སྡེ་སྣོད་ཁག་ལས་བཏུས་པའི་དགེ་སྦྱོང་མའི་ལུང་འདྲེན་དང། དེ་བཞིན་ཡི་དམ་གཙོ་བོའི་ལྷ་མོ་ཆེན་མོ་རྣམས་ཀྱི་བྱུང་ཁུངས་ཀྱི་སྐོར། གལ་ཆེའི་དགེ་བའི་བཤེས་གཉེན་མ་རྣམས་ཀྱི་རྣམ་ཐར། མ་གཅིག་ལབ་སྒྲོན་ (༡༠༣༡–༡༡༢༩ ཡང་ན་ ༡༠༥༥–༡༡༤༩)། སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ་ (༡༨༩༢–༡༩༤༠)། མདོ་ཟླ་གསལ་དབང་མོ་ (༡༩༢༨–༢༠༡༨)། མཁའ་འགྲོ་ཏཱ་རེ་ལྷ་མོ་ (༡༩༣༨–༢༠༠༣) སོགས་ཀྱི་གསུང་འབུམ་དང། དེ་བཞིན་མཁའ་འགྲོ་སྣ་ཚོགས་ལ་བསྟོད་པ། སྐྱེས་མ་ཉམས་ལེན་པར་གནང་བའི་གདམས་པ་བཅས་འདུས་ཡོད།
ལས་གཞིའི་ལོ་རྒྱུས།
ལས་གཞི་འདི་ ༢༠༢༢ ལོར། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་སྐྱེས་མའི་མགྲིན་ཚབ་སྲུང་བརྩི། ཞེས་པའི་སྒྲ་སྒྱུར་ཚོགས་འདུ་ཞིག་ཚུགས་པ་དེ་ནས་བྱུང་བ་ཞིག་ཡིན། དེ་ནི་སཱ་རཱ་ཇེ་ཀོ་བི། པདྨ་མཚོ། ཧོ་ལི་གྷེ་ལི། ཌོ་མི་ནིཀ་ཐོན་སེན་ཌ་བཅས་ཀྱིས་མཉམ་ལས་ཐོག་འགོ་བརྩམས་པ་དང་། ཙཱ་འདྲ་ཐེམས་རྩ་ཚོགས་པ་དང་ ལུའུ་སི་ Luce/ACLS ཡིས་མཐུན་རྐྱེན་སྦྱར་བའི་ནས་གཉེར་བ་ཞིག་ཡིན། ཚོགས་འདུ་དེར་བོད་ཀྱི་སྐྱེས་མའི་སྐོར་གྱི་རྩོམ་ཡིག་ལ་དོ་སྣང་ཡོད་པའི་ལོ་ཙཱ་བ་མཁས་པ་དང་། རེ་བ་ཅན་གྱི་ཤེས་ལྡན་མ་ ༧༠ ལྷག་འདུས་ཡོད། ཉིན་བཞིའི་ཚོགས་འདུའི་རྣམ་པ་ནི། སྔ་དྲོ་གཙོ་བོའི་གཏམ་བཤད་དང་། བགྲོ་གླེང་། ཚོགས་ཆུང་གི་ལས་རིམ་བཅས་ཡོད་པ་དང་། ཉིན་རྒྱབ་ཏུ་ཌཱ་ཀི་ནཱི་ཆོས་མཛོད་ཆེན་མོའི་ལོ་ཙཱ་བའི་ལས་འགོ་བཙུགས་པའི་བསྒྱུར་རྩོམ་ཁག་ལ་ཚོགས་ཆུང་ཁག་ཏུ་བགོས་ནས་ཉམས་ཞིབ་དུས་ཚོད་བཏང་ཡོད།
ཐེངས་གཉིས་པའི་ལོ་ཙཱ་བའི་ཟབ་སྦྱོང་། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་སྐྱེས་མའི་མགྲིན་ཚབ་སྲུང་བརྩི། ཞེས་པའི་ཚོགས་འདུའི་སྙིང་བསྡུས་དེ། ཇོ་ཤུ་ཝ་བྷ་རི་ལིར་གྱིས་སྙན་ཐོ་སྤྱི་བཤད་སྒྲོག་སྦྱང་གནང་། འདི་སྐོར་ཞིབ་པར་མཁྱེན་འདོད་ན། བོད་ཀྱི་རྩོམ་རིག་དུས་དེབ་དང་ཚོགས་འདུའི་ལས་རིམ་སྒྲ་འཛིན་ཆ་ཚང་བ་ཙཱ་འདྲ་ཐེབས་རྩ་ཚོགས་པའི་དྲ་ཚིགས་ཐོག་ཏུ་ཡོད་པས་དེར་གཟིགས་པར་ཞུ།
དམིགས་ཡུལ།
ལས་གཞི་འདིའི་མཐར་ཐུག་དམིགས་ཡུལ་གཉིས་ཡོད།
(༡) ཕྱོགས་བསྒྲིགས་དེ་ལས་བརྩམས་ཆོས་ཐུང་གྲས་གང་མང་སྐད་ཡིག་སྣ་ཚོགས་ནང་བསྒྱུར་ནས་ལོ་ཙཱ་བ་ཁང་ནམ་བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་ནས་མི་མང་ལ་རིན་མེད་དུ་མཁོ་སྤྲོད་བྱེད་རྒྱུ།
(༢) ཤམྦྷ་ལ་པར་སྐྲུན་ཁང་ནས་བརྩམས་ཆོས་མ་ཕྱི་དང་མཉམ་དུ་དབྱིན་ཡིག་གི་བསྒྱུར་རྩོམ་པོད་བཅུ་ཐམ་པ་མ་དཔེ་ཟུང་འབྲེལ་སྒོ་ནས་དཔར་སྐྲུན་བྱེད་རྒྱུ། དེ་ཡང་དཔྱད་གཞི་མ་ཕྱི་ཡིག་ཆ་སྒྲིག་སྦྱོར་གནང་མཁན་བླ་རུང་སྒར་གྱི་བཙུན་མ་རྣམས་དང་མཉམ་འབྲེལ་ཐོག་སྤེལ་རྒྱུ་ཡིན།
མཉམ་ལས་པ།

ཧོ་ལི་གྷེ་ལི།
ལས་གཞིའི་འགན་འཛིན་གཞོན་པ།
ཧོ་ལི་གྷེ་ལི་ནི་བོད་དང་བོད་ཀྱི་དེང་རབས་ནང་པའི་རྩོམ་རིག་གི་མཁས་པ་དང་ལོ་ཙཱ་བ་ཞིག་དང། ཁོ་མོ་ནི་ཀོ་ལོ་ར་ཌོ་བྷོལ་ཌར་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཆོས་རིག་པའི་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་གཞོན་པ་ཡིན། ཁོ་མོའི་ཞིབ་འཇུག་གིས་ནང་པའི་གསང་སྔགས་ཀྱི་འདོད་ཆགས་ལམ་ཁྱེར་སྐོར་དང་། བོད་དང་ཧི་མ་ལ་ཡའི་བུད་མེད་ཀྱི་རྩོམ་རིག དེང་རབས་བོད་ནང་གི་བཟང་སྤྱོད་ཀྱི་བསྒྱུར་བཅོས། དེ་བཞིན་ནང་པའི་བསྟན་པ་བྱང་ཨ་མེ་རི་ཀར་བརྒྱུད་སྤྲོད་བྱེད་པའི་སྐབས་སུ་རྩོམ་རིག་དང་རིག་གནས་ཀྱི་ལོ་ཙཱ་བསམ་བློ་གཏོང་སྟངས་བཅས་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ༢༠༡༦ ལོར་བརྩམས་པའི་འགོ་ལོག་ནས་ཡོང་བའི་བརྩེ་དུང་གི་སྤྲིང་ཡིག་ཅེས་པའི་རྩོམ་པ་པོ་དང་། ༢༠༡༩ ལོར་བསྒྱུར་བའི་ཚེ་རབས་ཀུན་ཏུ་འབྲལ་མེད་གནས། ཞེས་པ་མཛའ་བཤེས་ནམ་སྤྲུལ་རིན་པོ་ཆེ་དང་མཁའ་འགྲོ་ཏཱ་རེ་ལྷ་མོའི་མི་ཚེ་དང་བརྩེ་དུང་གི་སྤྲིང་ཡིག ཅེས་པ་སྒྱུར་ཡོད། དེ་བཞིན་༢༠༢༡ ལོར་བསྒྲིགས་པའི་བླ་རུང་སྒར་ནས་ཡོང་བའི་སྐད་སྒྲ། དུས་རབས་ཉེར་གཅིག་པའི་ནང་བོད་ཀྱི་ནང་ཆོས་བསྐྱར་གསོ།ཞེས་པའི་རྩོམ་སྒྲིག་པ་བཅས་ཡིན། ཁོ་མོའི་ཉེ་དུས་ཀྱི་ལོ་ཙཱའི་བསྡུ་སྒྲིག་དེབ་ནི་ ༢༠༢༤ ལོར་ཌོ་མི་ནིག་ཊོ་ཝན་སི་ཊོན་དང་མཉམ་དུ་བསྒྲིགས་པའི། སད་པར་འདོད་པའི་འདུན་པ། བོད་ཀྱི་སྙན་ངག་དང་གླུ་གཞས་ནང་གི་ནང་པའི་དད་པ། ཞེས་པ་དེ་ཡིན།

ལས་གཞིའི་འགན་འཛིན་གཞོན་པ།
སཱ་རཱ་ཇེ་ཀོ་བི་ནི་ཨི་ལི་ནོ་ཡི་མངའ་སྡེའི་ཨེ་ཝན་སི་ཊོན་གྲོང་ཁྱེར་གྱི་ནུབ་བྱང་མཐོ་སློབ་ཏུ་ཆོས་ལུགས་རིག་པའི་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཡིན། ཁོང་གི་ཞིབ་འཇུག་གི་ཁྱབ་ཁོངས་སུ་གཏེར་མ། ཆོས་འབྱུང་། རང་རྣམ་དང་རྣམ་ཐར། བོད་ཀྱི་རྩོམ་རིག ཕོ་མོའི་དབྱེ་བ་དང་འཁྲིག་སྤྱོད། ལོ་ཙཱའི་ཞིབ་འཇུག དེ་བཞིན་མདོ་སྨད་ཀྱི་ལོ་རྒྱུས་བཅས་ཚུད་ཡོད། བརྩེ་དུང་དང་ཐར་པ། ཞེས་པའི་སེ་ར་མཁའ་འགྲོའི་རང་རྣམ། ཞེས་པའི་དཔེ་དེབ་རྩོམ་སྒྲིག་གནང་ཡོད་པ་དང་། (ཀོ་ལུམ་བྷི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ༢༠༡༤) ལོར་སྤར། ནང་ཆོས་ངོ་སྤྲོད། (ཨོག་སི་ཕོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་ནས། ༢༠༡༤–༢༠༢༥) ཞེས་པའི་དཔེ་དེབ་ཐུན་མོང་དུ་རྩོམ་སྒྲིག་གནང་ཡོད། བོད་དང་ཧི་མ་ལ་ཡའི་རི་རྒྱུད་དུ་དགོན་པ་ལས་འདས་པའི་ནང་བསྟན།ཞེས་པའི་རྩོམ་སྒྲིག་པ་གཞོན་པ་ཡིན། སྐྱ་བོ་གསང་སྔགས་ཀྱི་ཉམས་ལེན་པ་དང་དེ་དག་གི་སྤྱོད་ལམ། (བྷི་རིལ་དཔེ་སྐྲུན་ཁང་། ༢༠༠༩་ལོར་སྤར།) ཁོང་གིས་ཉེ་ཆར་ནང་བསྟན་ཆོས་ལུགས་དང་མ་བུའི་འབྲེལ་བའི་སྐོར་དང་། རྡོ་རྗེ་ཐེག་པའི་འདོད་ཡོན་ལམ་ཁྱེར་གྱི་ལོ་རྒྱུས་སྐོར་ལ་རྩོམ་ཡིག་ཅིག་བྲིས་ཡོད་པ་དང། དེ་བཞིན་སེ་ར་མཁའ་འགྲོ་བདེ་བའི་རྡོ་རྗེའི (༡༨༩༢–༡༩༤༠) རང་རྣམ་བོད་དབྱིན་ཤན་སྦྱར་མཇུག་སྒྲིལ་ནས་པར་སྐྲུན་ཁང་ལ་བཏང་ཟིན། ཁོང་ནི་རྒྱུན་དུ་ནུབ་བྱང་གཙུག་ལག་སློབ་ཆེན་ཏུ་ཉེ་བའི་གཙུག་ལག་སློབ་མ་དང་མཐོ་རིམ་སློབ་མ་གཉིས་ཀར་ནང་བསྟན་རིག་པའི་སློབ་ཁྲིད་གནང་མུས་ཡིན།།

ལས་གཞིའི་འགན་འཛིན་གཞོན་པ།
ཁོང་མོ་ནི་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཡིན། ཁྲིན་ཏུའུ་གྲོང་ཁྱེར་གྱི་སི་ཁྲོན་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པ་དང་པེ་ཅིང་གི་དབུས་མི་རིགས་སློབ་གྲྭ་ཆེན་མོ་ནས་རབ་འབྱམས་པའི་ལག་ཁྱེར་བླངས་ཡོད། ཁོང་གི་ཞིབ་འཇུག་ཐོག་དཔྱད་རྩོམ་ལྔ་བཅུ་ལྷག་དང་དཔེ་དེབ་གསུམ་བརྩམས་ཡོད། ཞིབ་འཇུག་དང་སློབ་ཁྲིད་ཀྱི་ཁྱབ་ཁོངས་ནི་བོད་བརྒྱུད་ནང་བསྟན་དང་། ཆོ་ག བོད་ཀྱི་དགོན་སྡེ། དེ་བཞིན་བོད་ཁུལ་གྱི་བཙུན་མའི་སློབ་གསོ་བཅས་ཡིན། མ་ཟད་ཞིབ་འཇུག་གི་དཔྱད་རྩོམ་གཙོ་བོ་ནི་བོད་ཀྱི་བཙུན་མ་རྣམས་མཁན་མོར་ཇི་ལྟར་འགྱུར་བ། བོད་ཀྱི་བཙུན་མའི་མཁན་མོའི་གོ་གནས་ཀྱི་ལོ་རྒྱུས་དང་འཕེལ་རིམ། ཞེས་པ་དེ་ཡིན། ཁོང་གིས་ད་དུང་བོད་ཀྱི་བཙུན་མ་འགའི་བརྩམས་ཆོས་དབྱིན་ཡིག་ཏུ་བསྒྱུར་ཡོད། དཔེར་ན། “མུས་མཚོ་རྗེ་བཙུན་མར་བསྟོད་པ། ཞེས་པ་དེ། སད་པར་འདོད་པ་ཞེས་པའི་བོད་ཀྱི་སྙན་ངག་དང་གླུ་གཞས་ནང་གི་ནང་པའི་དད་པ། ཞེས་པའི་དཔེ་དེབ་ནང་བཀོད་ཡོད། དཔྱད་རྩོམ་གཞན་ཡང་དེང་རབས་ནང་བསྟན་དང་། བོད་རིག་པ། མི་རིགས་རིག་པའི་དུས་དེབ། སི་ཁྲོན་བོད་རིག་པ། ཨེ་ཤ་ཡའི་མཐོ་སྒང་གི་ལྟ་ཚུལ་སོགས་ཀྱི་དུས་དེབ་ཁག་ཏུ་དཔར་སྐྲུན་བྱས་ཡོད། མ་ཟད་ཁོང་གིས་བྱང་ཨ་རིའི་སློབ་གྲྭ་ཆེན་མོ་ཁག་ཏུ་ཞིབ་འཇུག་མཁས་པའི་གྲས་སུ་བཞུགས་མྱོང་ཡོད། དཔེར་ན། ཧར་ཝཌ་དང་། ཀོ་ལུམ་བྷི་ཡ། ཝར་ཇི་ནི་ཡ་སློབ་གྲྭ་ཆེན་མོ། ཀོ་ལོ་ར་ཌོ་བྷོལ་ཌར་སློབ་གྲྭ་ཆེན་མོ་སོགས་ཡིན།།
གལ་ཆེའི་སྒྲ་སྒྱུར།
ད་བར་ང་ཚོའི་མཁའ་འགྲོའི་ཆོས་མཛོད་ཆེན་མོའི་ཁོངས་ནས་དཔར་སྐྲུན་བྱས་པའི་བརྩམས་ཆོས་ཁག
འདི་ནི་སེ་ར་མཁའ་འགྲོ་ཡིས་རང་རྣམ་རྒྱས་པ་མཇུག་རྫོགས་པའི་ལོ་གཉིས་ཀྱི་རྗེས་སུ། རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་འདི་ཉིན་རེར་ཁ་འདོན་ཆོག་པའི་ཚིགས་བཅད་ཀྱི་རྣམ་པར་བསྒྱུར་ཏེ་ ༡༩༢༩ ལོར་བརྩམས་གནང་བ་ཞིག་ཡིན། དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་རྣམ་ཐར་གཞན་དང་འདྲ་བར། གཏམ་རྒྱུད་འདི་ཉིད་ཆོས་ཀྱི་གདམས་པ་ཞིག་ཡིན་པ་དང་། དེས་རང་གི་སེམས་ཤེས་བཞིན་གྱི་ཟིན་པ། དཀའ་ངལ་ལ་གདོང་ལེན་བྱེད་པ། ཡིད་ཆེས་དང་དད་པ་དང་ཡོངས་སུ་རྫོགས་པར་སྐྱེད་སྲིང་བྱེད་པའི་གལ་ཆེའི་རང་བཞིན་སྟོན་གྱི་ཡོད། ལོ་ཙཱ་བ། ཁྲི་སི་ཊི་ན་མོན་སན།
ཡེ་ཤེས་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་བདེ་ཆེན་རྒྱལ་མོ་རྡོ་རྗེ་ཕག་མོའི་རྣམ་པའི་སྒྲུབ་ཐབས་བསྡུས་པ་ཞིག་ཡིན།
དུས་རབས་བརྒྱད་པར་བྱུང་བའི་སྲས་མོ་ཌཱ་ཀི་མ་མནྡཱ་ར་བ་ལ་བསྟོད་པའི་ཚིགས་སུ་བཅད་པ། མནྡཱ་ར་བ་ནི་གུ་རུ་པདྨ་སམྦྷ་ཝའི་ལྷ་ལྕམ་གཙོ་བོའི་གྲས་ཤིག་ཡིན།
ང་ཚོའི་ལས་འཆར་ལ་རོགས་རམ་གནོངས།
སྒྲ་བསྒྱུར་དང་རྩོམ་སྒྲིག་གི་ལས་གཞིའི་ཆེད་དུ་གཏོང་ཕོད་ཆེ་བའི་ཞལ་འདེབས་གནང་བར་འཚལ།
ཞལ་འདེབས།