The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

སྙིང་ཐིག་ཡ་བཞིའི་ལས་འཆར།

English | Français | Português | བོད་ཡིག

ལས་འཆར་འདི་ནི། རྫོགས་ཆེན་གྱི་གཞུང་ཤིན་ཏུ་གལ་འགངས་ཆེ་བ་སྙིང་ཐིག་ཡ་བཞི་སྒྲ་བསྒྱུར་བྱ་རྒྱུ་དེ་ཡིན། སྙིང་པོའི་ཐིག་ལེ་ཡན་ལག་བཞི་སྟེ། བི་མ་སྙིང་ཐིག བླ་མ་ཡང་ཏིག མཁའ་འགྲོ་སྙིང་ཐིག མཁའ་འགྲོ་ཡང་ཏིག ཟབ་མོ་ཡང་ཏིག་བཅས་ཡིན།
འཛམ་ཐང་པར་མ་པོད་བཅུ་གསུམ་ཡོད་པའི་ནང་། བླ་མ་ཡང་ཏིག་གི་པོད་གཉིས་དང་། བི་མ་སྙིང་ཏིག་པོད་བཞི། མཁའ་འགྲོ་ཡང་ཏིག་གི་པོད་གསུམ། མཁའ་འགྲོ་སྙིང་ཏིག་པོད་གཉིས། ཟབ་མོ་ཡང་ཏིག་པོད་གཉིས་བཅས་ཡོད། འདིའི་ནང་བོད་ཀྱི་རྩོམ་རིག་གི་རྣམ་གྲངས་ཕལ་ཆེར་ཚང་བ་སྟེ། ལོ་རྒྱུས་དང་རྣམ་ཐར། ཉམས་མགུར། ཆོ་གའི་ལག་ལེན་སོགས་ཆོས་ཚན་སུམ་བརྒྱ་བརྒྱད་ཅུ་ལྷག་ཙམ་འདུས་ཡོད།

སྡེ་གཞུང་རིན་པོ་ཆེས་(༡༩༠༦ – ༡༩༨༧) འཇིན་སི་མིད་ལགས་ཀྱི་དྲི་ལན་ཆེད་དུ། དིལ་གོ་མཁྱེན་བརྩེ་རིན་པོ་ཆེར་བཀའ་འདྲི་ཞུ་གནང་མཛད་དེ་ཀློང་ཆེན་སྙིང་ཐིག་ཆོས་སྐོར་གྱི་སྤྱི་བཤད་མདོར་བསྡུས་ཤིག་མཛད་ཡོད།

ཆོས་སྐོར་འདི་ལས་གཞུང་འགའ་ཞིག་ད་བར་དུ་དབྱིན་སྐད་དུ་བསྒྱུར་ཡོད་པ་དང་། ཁ་ཤས་དཔེ་སྐྲུན་བྱས་ཡོད་མོད་ཀྱང་། རྫོགས་ཆེན་གྱི་བརྒྱུད་པ་གལ་འགངས་ཆེན་པོ་ཡིན་མིན་ལ་མ་ལྟོས་པར། གཞུང་ཡོངས་རྫོགས་བསྒྱུར་བའི་འཆར་གཞི་གོ་རིམ་ཅན་ཞིག་སུས་ཀྱང་ད་བར་རྩོལ་བ་བྱས་མེད།

ལས་འཆར་འདི་ནི། ཕྱི་ལོ་ ༢༠༢༣ ཟླ ༩ ནས་འགོ་བཙུགས་པ་ཞིག་ཡིན་ཞིང་། ཙཱ་འདྲ་ཐེབས་རྩ་ཁང་ནས་མ་དངུལ་མཐུན་འགྱུར་གནང་བ་དང་། སློབ་སྟོན་པ་གཙོ་བོ་ཨ་ལགས་གཟན་དཀར་རིན་པོ་ཆེས་ཐུགས་འགན་བཞེས་ཡོད། འདིའི་ཐོག་མར་དམིགས་འདུན་གཙོ་བོ་བླ་མ་ཡང་ཏིག་གི་སྐོར་ལ་བཞག་གནང་ཡོད།


ཡོང་ཁུངས།

སྙིང་ཐིག་ཡ་བཞིའི་པར་མ་མི་འདྲ་བ་མང་པོ་ཡོད་མོད་ཀྱང། ལས་འཆར་འདི་བླ་མ་གྱུར་མེད་གྲགས་པས་(ཁོང་གི་ལོ་རྒྱུས་ The Treasury of Lives ནང་དུ་ཡོད) ཨ་འཛོམ་འབྲུག་པ་ཆོས་སྒར་གྱི་པར་མ་བསྐྱར་དཔར་བྱས་པའི་པོད་བཅུ་གསུམ་ཅན་དེ་ལ་གཙོ་བོར་གཞི་བཟུང་ཡོད། མ་ཟད་ ༢༠༠༩ ལོར་དཔལ་བརྩེགས་མེས་པོའི་ཤུལ་བཞག་ཁང་ནས་པར་སྐྲུན་བྱས་པའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ་པོད་ཉེར་དྲུག་ལས་སྙིང་ཐིག་ཡ་བཞིའི་པར་མ་ལའང་བསྟུན་རྒྱུ་ཡིན།


གལ་ཆེའི་སྒྲ་འགྱུར་ཁག

ད་ཆ་བསྒྱུར་བཞིན་པའི་ལས་འཆར་འདིའི་ནང་གསེས་དཔར་སྐྲུན་བྱས་ཟིན་པའི་བརྩམས་ཆོས་ཁག

འདི་ནི་མཁའ་འགྲོ་ཡང་ཏིག་གི་ཆོས་སྐོར་ནང་བཞུགས་པའི་ཞལ་ཆེམས་མཐའ་མ་གསུམ་གྱི་ཡ་གྱལ་ཞིག་སྟེ། བརྗོད་བྱ་འཁོར་བའི་རང་བཞིན་སྔར་ནས་ཤེས་ཟིན་ཏེ། །འཇིག་རྟེན་ཆོས་ལ་སྙིང་པོ་མེད་པའི་ཕྱིར། །ད་ནི་མི་རྟག་སྒྱུ་མའི་ལུས་འདོར་བས། །གཅིག་ཏུ་ཕན་པའི་གདམས་ངག་བཤད་ཀྱིས་ཉོན། །ཞེས་སོགས་ཀྱིས་ཀུན་མཁྱེན་ཀློང་ཆེན་པ་ཉིད་མྱ་ངན་ལས་འདའ་བར་ཉེ་སྐབས། ཤུལ་ལུས་ཀྱི་སློབ་འབངས་རྣམས་ལ་འཇིག་རྟེན་གྱི་ཆོས་གང་ལའང་སྙིང་པོ་མེད་པར་བསྟན་ཅིང་། ཚེ་གཅིག་དམ་པའི་ཆོས་ཀྱི་ཉམས་ལེན་ཁོ་ནར་གཞོལ་ནས་གདོད་མའི་བཙན་ས་ཟིན་དགོས་པའི་གདམས་ངག་ཟབ་མོ་ཞལ་ཆེམས་སུ་བསྟན་ཡོད། སྤྱིར་མཁའ་འགྲོ་ཡང་ཏིག་གི་ཆོས་ཚན་ལྔ་བཅུ་རྩ་བདུན་ལས། ཤོག་སྐྱ་དང་ཤོག་འདྲ་དང་ཤོག་སེར་གསུམ་ལས། འདི་ཉིད་མེ་ཏོག་འབྲས་བུ་ལྟ་བུའི་རིན་ཆེན་ཤོག་སེར་གྱི་སྐོར་ཡིན།
འདི་ནི་བླ་མ་ཡང་ཏིག་གི་བརྒྱུད་པའི་ལོ་རྒྱུས་ནང་གི་ཆ་ཤས་ཤིག་ཡིན། ཀུན་མཁྱེན་ཀློང་ཆེན་པས་ཉིད་ཀྱི་གཞོན་ནུའི་གནས་སྐབས་སུ་དངོས་སུ་མྱངས་པའི་རང་རྣམ་མདོར་བསྡུས་ཤིག་ཡིན། འདི་མདོར་བསྡུས་ཡིན་རུང་། རྣམ་ཐར་འབྲི་བ་པོ་གླག་གླ་བསོད་ནམས་ཆོས་འགྲུབ་དང་། ཆོས་གྲགས་བཟང་པོ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། གུ་རུ་བཀྲ་ཤིས། བདུད་འཇོམས་རིན་པོ་ཆེ། སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ་སོགས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གལ་ཆེན་གྱི་དཔྱད་གཞིར་བཟུང་བ་མངོན་སུམ་ཡིན་ནོ། །
སྔོན་འགྲོ་ཆོས་སྤྱོད་འདི་ནི་སྐྱབས་འགྲོ་དང་སེམས་བསྐྱེད་དང་། རྡོར་སེམས་བསྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་སོགས་ཀྱི་ཆོ་གའི་རིམ་པ་ཞིག་ཡིན། འཇམ་དབྱངས་མཁྱེན་བརྩེ་དབང་པོ་(༡༨༢༠–༡༨༩༢) མཆོག་གིས་དཔལ་སྤུངས་དགོན་དུ་བཞུགས་རིང་སྔ་མའི་ཡིག་ཆ་ཁག་ལ་གཞི་བཅོལ་ཏེ་མཛད་པ་ཞིག་ཡིན།
འདི་ནི་རྒྱུན་དུ་མཁས་པ་རྣམས་ཀྱིས་ལུང་འདྲེན་པའི་གཞུང་ཚད་མ་ཞིག་ཡིན། འདིར་རྫོགས་ཆེན་ཉམས་ལེན་གྱི་སྐབས་སུ་བཤེས་གཉེན་བསྟེན་ཚུལ་གཏན་ཚིགས་དང་བཅས་པར་འཆད་ཅིང་། བྱིན་རླབས་དང་ཉམས་རྟོགས་ཆེས་ཆེ་བ་ཞིག་ཡིན།
འདི་ནི་ཟབ་མོ་ཡང་ཏིག་གི་ཆོས་སྡེའི་ནང་གསེས་རྒྱབ་ཆོས་རྣམ་གྲངས་བཅོ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན། བརྗོད་བྱ། མན་ངག་ལ་འཇུག་པ་རྒྱུའི་དོན་གྱི་ངོ་བོ་མདོར་བསྟན་པ་དང་། མན་ངག་དངོས་ཀྱི་དོན་གྱིས་རང་བཞིན་རྒྱས་པར་བཤད་པ་དང་། མན་ངག་རྫོགས་པ་མཇུག་གི་དོན་གྱིས་དེ་གཉིས་ཀའི་དོན་བསྡུ་བ་བཅས། རྩ་བའི་ས་བཅད་གསུམ་གྱི་སྒོ་ནས་ཁྲེགས་ཆོད་སྒོམ་མེད་དོན་གྱི་གནད་འགག་ཐམས་ཅད་བསྡུས་ནས་བསྟན་ཡོད།ཧེར་བཱར་ཊི་ཝི་གུན་ཐེར༌ (Herbert V. Guenther) གྱིས་འདི་ནི་ཟབ་མོའི་ཉམས་རྟོགས་རྣམ་པར་བརྗོད་པའི་གཞུང་གཏིང་ཟབ་ཤོས་ཀྱི་འགྲེལ་པ་ཞིག་ཡིན་ཞེས་ཆ་འཇོག་གནང་ཡོད།


ང་ཚོའི་ལས་འཆར་ལ་རོགས་རམ་གནོངས།

སྒྲ་བསྒྱུར་དང་རྩོམ་སྒྲིག་གི་ལས་གཞིའི་ཆེད་དུ་གཏོང་ཕོད་ཆེ་བའི་ཞལ་འདེབས་གནང་བར་འཚལ།


ཞལ་འདེབས།


ཀློང་ཆེན་རབ་འབྱམས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept