The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ་ལས་འཆར།

English | Français | Português | བོད་ཡིག

ལས་འཆར་འདིའི་དམིགས་ཡུལ་ནི་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ (༡༨༩༣–༡༩༥༩) ཀྱི་གསུང་འབུམ་སྐད་ཡིག་གཞན་དུ་བསྒྱུར་རྒྱུ་དེ་ཡིན། སྤྲུལ་སྐུ་དོན་གྲུབ་རིན་པོ་ཆེའི་ཞལ་ནས། དུས་རབས་ཉི་ཤུ་པའི་ནང་གི་བརྒྱུད་པ་དུ་མ་དང་ལྡན་པའི་བླ་མ་ཆེན་པོ། ཞེས་གསུངས་པ་ལྟར། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནི་རིས་མེད་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི (༡༨༢༠–༡༨༩༢) ཕྲིན་ལས་ཀྱི་སྤྲུལ་པར་ཡོངས་སུ་གྲགས་ཤིང། སྐུ་ཕྲེང་གོང་མ་བཞིན་དུ་མདོ་སྔགས་ཀྱི་ཐོས་བསམ་སློབ་གཉེར་མཐིལ་ཕྱིན་པ་ཐོབ་དང་། རིས་མེད་གྲུབ་མཐའ་རྣམས་ལ་ལེགས་སྐྱེས་ཕུལ་དུ་བྱུང་བའི་སྐྱེས་བུ་དམ་པ་ཞིག་ཡིན།


འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ་ཉེ་དུས་ཀྱི་པར་མའི་ནང་། བོད་ཀྱི་རྩོམ་རིག་གི་རྣམ་གྲངས་ཕལ་ཆེ་བ་ཚང་བའི་ཆོས་ཚན་སྟོང་ཕྲག་ལྷག་ཡོད་པ་སྟེ། ལོ་རྒྱུས་དང་རང་རྣམ། སྙན་ངག ཆོ་ག་དང། དེ་བཞིན་མཚན་ཉིད་རིག་པའི་བསྟན་བཅོས་མདོར་བསྟན། གནས་ཡིག། དག་སྣང་བྱུང་ཚུལ་ཞིབ་ཕྲ། རྫོགས་ཆེན་གྱི་མན་ངག ཉམས་མགུར། བློ་སྦྱོང་དོན་བདུན་མའི་འགྲེལ་པ། ཆུ་མོ་གངྒཱའི་གྲུར་བཞུགས་པའི་སྐབས་ལྷ་མོ་དབྱངས་ཅན་མར་བསྟོད་པའི་ཚིགས་བཅད། དགོན་སྡེ་ཁག་གི་བཅའ་ཁྲིམས། བརྟན་བཞུགས། ཉིན་ཐོ། ཆབ་ཤོག་སོགས་དུ་མ་འདུས་ཡོད།


བརྩམས་ཆོས་འདི་དག་ནི་ལོ་རྒྱུས་ཀྱི་ཆ་ནས་དོ་སྣང་བྱེད་འོས་པ་ཞིག་ཡིན་པ་མ་ཟད། ཆོས་བརྒྱུད་དང་སྲོལ་རྒྱུན་གྱི་ཐད་རིན་ཐང་ཅན་གྱི་ངོ་སྤྲོད་སྩལ་ཡོད་པ་དང་། བོད་དང་རྒྱ་གར་ལ་གནས་བསྐོར་ཕེབས་སྐབས་གནས་ཆེན་རྣམས་སུ་མཛད་པའི་གནས་ཡིག་རྣམས་དེ་བས་གལ་འགངས་ཆེན་པོ་ཡིན། ལྷག་པར་གདམས་ངག་སྙིང་བསྡུས་རྣམས་ནི་སྤོང་བ་བསམ་གཏན་པ་ལ་སྒྲུབ་པ་ཉམས་ལེན་གྱི་གདམས་པ་མྱོང་ཁྲིད་དུ་སྩལ་བ་ཞིག་སྟེ། རིན་ཐང་ཧ་ཅང་ཆེན་པོ་ཆགས་ཡོད། དེར་མ་ཟད་བརྩམས་ཆོས་འགའ་ཞིག་གིས་གང་གི་སྐུ་ཚེའི་ལོ་རྒྱུས་ལ་རྒྱུས་ལོན་ཐུབ་པར་ཕན་ཐོགས་བྱུང་ཡོད། དཔེར་ན། རང་རྣམ་ཚིགས་བཅད་མ་དང་གནས་བསྐོར་ཟིན་ཐོ་གཉིས་ཀ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མཛད་རྣམ་ཡོངས་འདུས་དགའ་ཚལ་གྱི་ལྷན་ཐབས་ལྟ་བུ་ཆགས་ཡོད། དེ་ནི་༢༠༡༧ ལོར་དབྱིན་ཡིག་ཏུ་པར་སྐྲུན་བྱས་ཡོད།


ཡོང་ཁུངས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ་ད་ལྟ་བར་དུ་པར་མ་མི་འདྲ་བ་ཁག་གསུམ་ཡོད་དེ། ༡༩༧༡ ལོར་པར་སྐྲུན་བྱས་པའི་གསུང་ཐོར་བུ་པོད་གཉིས་ཅན་དང་། ༡༩༨༡ ལོར་པར་བསྐྲུན་བྱས་པའི་པོད་བརྒྱད་ཅན། དེ་བཞིན་༢༠༡༢ ལོར་པར་སྐྲུན་བྱས་པའི་པོད་བཅུ་གཉིས་ཅན་བཅས་ཡིན། ༢༠༡༢ ལོ་ནས་བཟུང་ཉུང་མཐར་བརྩམས་ཆོས་ཁ་སྣོན་དྲུག་ཙམ་སོན་ཡོད་པ་རྣམས་མ་འོངས་པར་སྐྲུན་བྱ་རྒྱུའི་ནང་དུ་འཇུག་འཆར་ཡོད།


ལས་རིམ་དང་པོ།

ལས་གཞི་འདི་ནི་ཐོག་མར་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་དང་། གཏེར་སྟོན་བསོད་རྒྱལ་གྱི་དགེ་རྩ་ཚོགས་པ་ཟུང་འབྲེལ་ཐོག་ ༢༠༡༩ ལོ་ནས་འགོ་ཚུགས་ཤིང ༢༠༢༣ ལོ་བར་རྒྱུན་འཁྱོངས་བྱས་པ་དང། ལོ་བཞིའི་རིང་ལ་ཡིག་བསྒྱུར་ཆོས་ཚན་ ༥༠༠ ཆ་ཚང་བར་ལེགས་གྲུབ་བྱུང་ཡོད། འདི་ནི་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཤིག་རེད།


རིམ་པ་འདིའི་ནང་གི་གལ་ཆེའི་སྒྲ་འགྱུར་ཁག

རྟོགས་བརྗོད་འདི་ནི་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་(༡༩༡༠–༡༩༩༡) བསྐུལ་བའི་ངོར་མཛད་པ་ཞིག་ཡིན། འདིར་གསན་ཡིག་དང་། ཉམས་བཞེས། བཀའ་ཆོས་སྩལ་བ་སོགས་ཞིབ་ཅིང་ཕྲ་བ་འཁོད་ཡོད། དེ་ཡིས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་ངོ་མཚར་ཡོངས་འདུས་དགའ་ཚལ་གྱི་རྨང་གཞི་ཆགས་ཡོད།
འདི་ནི་གང་གི་གྲགས་ཅན་བརྩམས་ཆོས་ཀྱི་ཁྲོད་དུ། ཚིགས་བཅད་ལམ་ནས་མཛད་པའི་བོད་ཀྱི་ཆོས་འབྱུང་དང་། ནང་ཆོས་ཉམས་ལེན་ངོ་སྤྲོད། མཐའ་མར་ཕྱོགས་རིས་མེད་པའི་གསོལ་འདེབས་ཀྱིས་མཇུག་བསྡུས་པ་ཞིག་ཡིན། འདི་ཉིད་རྒྱ་གར་གྱི་གཞུང་ཚབ་པ་དང་རྩོམ་པ་པོ་ཨ་པ་པན་ཊི་(༡༩༡༢–༡༩༩༢) ཡིས་བསྐུལ་བའི་ངོར་མཛད་པ་ཞིག་ཡིན།
འདི་ནི་རྗེ་ཉིད་ཀྱིས་མཛད་པའི་བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན་གྱི་རང་འགྲེལ་ཡིན། སྔོན་འགྲོ་བླ་མའི་རྣལ་འབྱོར་དང་། གསང་སྔགས་ཀྱི་བླ་མ་བསྟེན་ཚུལ་སྐོར་ཞིབ་པར་བཀྲལ་བའི་ཟིན་བྲིས་རྒྱས་པ་ཞིག་ཡིན། འདི་ནི་སྡེ་དགེའི་རིགས་མྱུག་གཡུ་སྒྲོན་ལགས་ཀྱིས་བསྐུལ་བའི་ངོར་མཛད་པ་ཞིག།
བླ་མའི་རྣལ་འབྱོར། བཀག་རྒྱ་ཅན།
༡༩༧༡ ལོར་རྒྱ་གར་སྦིར་དུ་པར་སྐྲུན་བྱས་པའི་གསུང་ཐོར་བུ་པོད་གཉིས་ཀྱི་དཀར་ཆག་ཞིབ་ཕྲ་བཀོད་པ་ཞིག་ཡིན། འདི་ཉིད་སྡེ་ཚན་གསུམ་དུ་དབྱེ་ཡོད་པ་ནི། མཛད་པ་པོའི་ཆེ་བ། བརྩམས་ཆོས་ཀྱི་ཆེ་བ། དཔེ་སྒྲུན་གྱི་བརྒྱུད་རིམ་མདོར་བསྡུས་བཅས་ཡིན།


ལས་རིམ་གཉིས་པ།

གོ་རིམ་གཉིས་པ་དངོས་སུ་འགོ་འཛུགས་སྐབས་འགྲེལ་ཆེན་དང་། རྣམ་ཐར་སོགས་བརྩམས་ཆོས་རིང་གྲས་རྣམས་ལ་དམིགས་ཡོད། དུས་མཚུངས་ང་ཚོས་པར་སྐྲུན་བྱ་རྒྱུར་ལུས་པའི་ཟིན་བྲིས་ཁག་བསྡུ་སྒྲིག་བྱེད་པ་དང་། ལས་རིམ་དང་པོའི་བརྩམས་ཆོས་འགའ་ཤས་ད་དུང་སྒྲ་བསྒྱུར་བྱེད་བཞིན་ཡོད།

ཉེ་ཆར་ཁ་སྣོན་བྱས་པ།

གནས་མཆོག་པདྨ་ཤེལ་ཕུག་བཻ་རོ་ཙ་ནའི་གནས་ཡིག་ཚིགས་བཅད་མ་འདི་ནི། ཐོག་མར་གནས་བཞུགས་བླ་མ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྐུ་ཡི་སྤྲུལ་པ་འཇམ་དབྱངས་ཆོས་ཀྱི་དབང་པོས་(༡༨༩༣–༡༩༠༨) བསྐུལ་ངོར་མཛད་པ་ཞིག་ཡིན། མ་ཡིག་འདི་སྔོན་ཆད་རྡོ་རིང་ཡི་གེ་ལས་ཉེ་ཆར་ཚན་བཤུས་བྱས་པ་ཞིག་ཡིན།
ལྷ་སར་ས་སྐྱ་བླ་མ་འཇམ་དབྱངས་ཚུལ་ཁྲིམས་ཀྱི་ཆེད་དུ་མཛད་པའི་སྨོན་ལམ་འདི་ཉེ་ཆར་དྲ་ཐོག་ཕྱིར་ཐོན་པ་ཞིག་ཡིན་ཞིང་། སྔར་གྱི་གསུང་འབུམ་པར་མ་ཁག་ཏུ་འཁོད་མེད། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཕྱག་བྲིས་ཕྱག་བསྟར་མ་ཡིན་པའི་མ་ཕྱིའི་འདྲ་པར་དེ་ ༢༠༢༣ ལོའི་ཟླ་༧ པར་སྤྱི་ཚོགས་དྲ་ལམ་ཐོག་ཡོང་གྲགས་ཁྱབ་བརྡལ་དུ་སོང་ཡོད།


ང་ཚོའི་ལས་འཆར་ལ་རོགས་རམ་གནོངས།

སྒྲ་བསྒྱུར་དང་རྩོམ་སྒྲིག་གི་ལས་གཞིའི་ཆེད་དུ་གཏོང་ཕོད་ཆེ་བའི་ཞལ་འདེབས་གནང་བར་འཚལ།


ཞལ་འདེབས།


འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Further information:

This website uses cookies to collect anonymous usage statistics and enhance the user experience.
Decline
Accept