The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

ཀློང་ཆེན་སྙིང་ཐིག་གི་ལས་འཆར།

English | Español | Français | Português | བོད་ཡིག

ལས་འཆར་འདིའི་དམིགས་ཡུལ་ནི། ༢༠༢༠ ལོ་ནས་ཀློང་ཆེན་སྙིང་ཐིག་གི་རྩ་གཞུང་རྣམས་སྐད་ཡིག་གཞན་གྱི་ནང་བསྒྱུར་འགོ་བཙུགས་པ་ཡིན། ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ནི་དུས་རབས་བཅོ་བརྒྱད་པར་ཡུལ་དབུས་སུ་བྱོན་པའི་ཀུན་མཁྱེན་འཇིགས་མེད་གླིང་པའི་ (༡༧༢༩/༣༠–༡༧༩༨) གཏེར་ཆོས་ཤིག་ཡིན། ལས་འཆར་འདི་ལ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་སོགས་བླ་མ་མང་པོས་མཐུན་འགྱུར་གནང་བ་དང་། ཧན་ཀོབ་ཀྱིས་གཙོ་སྐྱོང་གནང་བཞིན་ཡོད།


རྩ་བའི་གཞུང་།

ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ནི། ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་སམ་ཆོས་སྐོར་རྩ་བའི་གླེགས་བམ་གཉིས་ལས་གྲུབ་པ་ཞིག་ཡིན། རིམ་པར་ཀློང་ཆེན་སྙིང་ཐིག་གི་ཉམས་ལེན་ལ་མེད་དུ་མི་རུང་བའི་གཞུང་གཞན། འདོན་སྒྲིག ཁ་སྐོང་ཉམས་ལེན། འགྲེལ་པ་སོགས་མཁས་པ་ཆེན་པོ་གཞན་གྱིས་མཛད་པ་ཡང་ཡོད་པ་སྟེ། རྡོ་གྲུབ་ཆེན་དང་པོ་འཇིགས་མེད་འཕྲིན་ལས་འོད་ཟེར་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ཀྱིས་མཛད་གནང་ཡོད། ཉེ་བའི་སྔོན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ཀྱང་སྒྲུབ་ཐབས་དང་དབང་ཆོག སྒྲུབ་ཐབས་ཀྱི་དོན་གསལ་བར་བྱེད་པའི་འགྲེལ་པ་སོགས་མང་པོ་མཛད་ཡོད། ཕྱིས་སུ་སྔོན་གྱི་མཁས་གྲུབ་རྣམས་ཀྱི་བརྩམས་ཆོས་རྣམས་དང་། དིལ་མགོ་མཁྱེན་བརྩེ་ཉིད་ཀྱིས་མཛད་པ་བཅས་གཅིག་ཏུ་བསྒྲིལ་ནས། རྩ་བའི་གཞུང་ལ་པོད་གཉིས་ཁ་སྐོང་མཛད་ཡོད་པ་ནི་། སྙིང་ཐིག་རྩ་པོད་ཅེས་པ། གཏེར་གཞུང་ཐོག་མའི་པོད་གཉིས་ཅན་དེ་གསུམ་ལ་བགོས་པ་དང་། དེ་ནས་ཁ་སྐོང་པོད་གཉིས་སྣན་ནས་ཁྱོན་པོད་ལྔ་ཕྱོགས་སྒྲིག་གནང་ཏེ་༡༩༩༤ ལོར་བལ་ཡུལ་དུ་ཞེ་ཆེན་དགོན་པས་པར་སྐྲུན་གནང་ཡོད། འོན་ཀྱང་སྐབས་དེར་སྙིང་ཐིག་གི་གཞུང་ཆ་ཚང་བ་ཞིག་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེར་ཕྱག་ཏུ་སོན་ཐུབ་མེད། རིམ་པར་གལ་ཆེ་ཞིང་དཔེ་རྒྱུན་དཀོན་རིགས་གཞུང་གཞན་འགའ་ཞིག་བར་སྐབས་རྙེད་སོན་བྱུང་ཡོད་པ་དང་། ཉེ་ཆར་སྙིང་ཐིག་རྩ་པོད་ཅེས་པ་པོད་བཅུ་ཅན་ཞིག་བོད་ནས་གསར་དུ་པར་སྐྲུན་བྱས་འདུག


གལ་ཆེའི་སྒྲ་འགྱུར་ཁག

ལས་འཆར་འདིའི་ནང་གསེས་དཔར་སྐྲུན་བྱས་ཟིན་པའི་བརྩམས་ཆོས་ཁག


དགེ་རྩེ་མ་ཧཱ་པཎྜི་ཏ་མཆོག་གིས་མཛད་པའི་འཇིགས་མེད་གླིང་པའི་གསུང་འབུམ་དཀར་ཆག་འདི་ནི། སྤྱི་ལོ་༡༨༠༢ ནང་ངམ་དེའི་རྗེས་སུ་སྡེ་དགེར་པར་སྐྲུན་གནང་སྐབས་མཛད་པ་ཞིག་ཡིན། དཀར་ཆགས་ཀྱི་དབུར་འཇིགས་མེད་གླིང་པའི་རྣམ་ཐར་དང་། དེ་ནས་དཔར་སྐྲུན་གྱི་སྦྱིན་བདག་སྡེ་དགེའི་རྒྱལ་པོ་དང་བཙུན་མོ། པར་སྐྲུན་ཞུ་སྐུལ་མཛད་པ་པོ་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་གནང་ཡོད། དེའི་གཤམ་དུ་དངོས་གཞིའི་དཀར་ཆག་བཀོད་གནང་མཛད་ཅིང་། དེའི་ནང་འཇིགས་མེད་གླིང་པའི་བརྩམས་ཆོས་ཡོད་དོ་ཅོག་བཀོད་ཡོད་མོད། ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་རྣམས་འཇིགས་མེད་བློ་གསལ་འོད་ཟེར་གྱིས་དཀར་ཆག་ལོགས་སུ་མཛད་ཡོད་པས་འདིའི་ནང་བཙུད་གནང་མེད།
འདི་ནི་ཀློང་ཆེན་སྙིང་ཐིག་ཆོས་སྐོར་ཡོངས་རྫོགས་ཀྱི་སྤྱི་བཤད་མདོར་བསྡུས་ཤིག་མཛད་ཡོད་ཅིང་། སྐྱ་སེར་གཉིས་ཀས་ཉམས་ལེན་བྱ་ཆོག་པ་དང་། དེ་ཡང་ཐོག་མཐའ་བར་གསུམ་དུ་དགེ་བ་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ། བསྐྱེད་རིམ་དང་རྫོགས་རིམ། ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་བཅས་ཡོངས་ཁྱབ་ཏུ་འགོད་གནང་མཛད་་པ་ཞིག་ཡིན།
འཇིགས་མེད་གླིང་པའི་ཕྱིའི་རང་རྣམ་ཚིགས་སུ་བཅད་པའི་འདི་ནི། ས་སྐྱ་བདག་ཆེན་འཇམ་མགོན་དབང་འདུས་སྙིང་པོས་ (༡༧༦༣–༡༨༠༩) གསོལ་བ་བཏབ་པ་བཞིན་ ༡༧༨༦ ལོར་མཛད་པར་མངོན།


སྒྲུབ་ཐབས།

ཀློང་ཆེན་སྙིང་ཐིག་གི་སྡེ་ཚན་ཆེན་པོ་འདིའི་གཙོ་ནི། སྒྲུབ་ཐབས་དང་། ཆོ་ག དབང་དཔེ། འགྲེལ་པ་སོགས་ཡིན། གཤམ་དུ་སྲོལ་རྒྱུན་གྱི་དབྱེ་བ་ལྟར་བཀོད་ཡོད།

དང་པོ། རིག་འཛིན་ཕོ།

ཀ ཞི་བ།

ཕྱི། བླ་མའི་རྣལ་འབྱོར།
ནང་། རིག་འཛིན་འདུས་པ།
གསང་བ། སྡུག་བསྔལ་རང་གྲོལ།
ཤིན་ཏུ་གསང་བ། བླ་སྒྲུབ་ཐིག་ལེ་རྒྱ་ཅན།

ཁ། ཁྲོ་བོ།

སྔོན་པོ། དཔལ་ཆེན་འདུས་པ།
དམར་པོ། དམར་པོ། རྟ་ཁྱུང་འབར་བ།

གཉིས་པ། རིག་འཛིན་མོ།

ཀ། ཞི་བ། ཡུམ་ཀ་བདེ་ཆེན་རྒྱལ་མོ།
ཁ། ཁྲོ་མོ། སེངྒེ་གདོང་ཅན།

དེ་ཙམ་མ་ཟད། ཞི་ཁྲོ་ངན་སོང་སྦྱོང་བའི་སྒྲུབ་ཐབས་དང་། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱང་ཡོད།


ང་ཚོའི་ལས་འཆར་ལ་རོགས་རམ་གནོངས།

སྒྲ་བསྒྱུར་དང་རྩོམ་སྒྲིག་གི་ལས་གཞིའི་ཆེད་དུ་གཏོང་ཕོད་ཆེ་བའི་ཞལ་འདེབས་གནང་བར་འཚལ།


ཞལ་འདེབས།


ལེགས་བྱས་དགེ་མཚན་ཆེན་པོ་འདི་ལ་ངས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།
— ཞེ་ཆེན་རབ་འབྱམས་རིན་པོ་ཆེ།


Read more endorsements of the project >


Deities of the Longchen Nyingtik

This website uses cookies to collect anonymous usage statistics and enhance the user experience.
Decline
Accept