Quotations from The Heart of the Middle Way—Tibetan
༄༅། །དབུ་མའི་སྙིང་པོ་ལས་གསུང་བཏུས།
བྱམས་པ་དང་ནི་སྙིང་རྗེ་དང་། །
ཤེས་པ་ཆེན་པོས་བརྒྱན་པ་ཡི། །
སངས་རྒྱས་ས་བོན་བྱང་ཆུབ་སེམས། །
དེ་ཕྱིར་མཁས་པས་དེ་མི་གཏང་། །
ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །
མེད་པར་ཡང་དག་ཁང་ཆེན་གྱི། །
སྟེང་དུ་འགྲོ་བར་བྱ་བ་ནི། །
མཁས་ལ་རུང་བ་མ་ཡིན་ནོ། །