The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Distinguishing the Two Truths Quotations—Tibetan

English | བོད་ཡིག

༄༅། །བདེན་གཉིས་རྣམ་འབྱེད་ལས་གསུང་བཏུས།


བདེན་གཉིས་རྣམ་དབྱེ་ཤེས་པ་དག །
ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །
དེ་དག་མ་ལུས་ཚོགས་བསགས་ནས། །
ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །


སྐྱེ་བ་ལ་སོགས་བཀག་པ་ཡང༌། །
ཡང་དག་པ་དང་མཐུན་ཉིད་བཞེད། །
སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །
དོན་དམ་ཞེས་པའི་བརྡ་མཛད་དོ། །


སྣང་དུ་འདྲ་ཡང་དོན་བྱེད་དག །
ནུས་པའི་ཕྱིར་དང་མི་ནུས་ཕྱིར། །
ཡང་དག་ཡང་དག་མ་ཡིན་ཏེ། །
ཀུན་རྫོབ་ཀྱི་ན་དབྱེ་བའང་བྱས། །


དུ་མས་གཅིག་གི་དངོས་མི་བྱེད། །
དུ་མས་དུ་མ་བྱེད་མ་ཡིན། །
གཅིག་གིས་དུ་མའི་དངོས་མི་བྱེད། །
གཅིག་གིས་གཅིག་བྱེད་པ་ཡང་མིན། །

ཡེ་ཤེས་སྙིང་པོ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept