Confession of Eight Branch Infractions & Downfalls—Tibetan
༄༅། །སྦོམ་ལྟུང་ཡན་ལག་བརྒྱད་པ།
རབ་དུ་བདེ་བ་འཕྲོག་པར་བྱེད། །
དམ་ཚིག་དག་དང་མི་ལྡན་པར། །
རིག་མ་བསྟེན་པར་དགའ་བ་ནི། །
ཡན་ལག་ཉེས་པ་དང་པོ་ཡིན། །
དང་པོ་ཕོག་པ་མཐོལ་ལོ་བཤགས། །
ཚོགས་ཀྱི་འཁོར་ལོར་བརྩོད་པ་ནི། །
ཡན་ལག་ཉེས་པ་གཉིས་པ་ཡིན། །
གཉིས་པ་ཕོག་པ་མཐོལ་ལོ་བཤགས། །
མ་གསུངས་པ་ཡི་རིག་མ་ལས། །
སྔགས་པས་བདུད་རྩི་འཐོབ་བྱེད་པ། །
ཡན་ལག་ཉེ་པ་གསུམ་པ་ཡིན། །
གསུམ་པ་ཕོག་པ་མཐོལ་ལོ་བཤགས། །
གསང་ཆོས་ཡན་ལག་ཤེས་གྱུར་ཀྱང་། །
གཞན་ལ་མི་སྟོན་ཤེས་རབ་ངན། །
ཡན་ལག་ཉེས་པ་བཞི་པ་ཡིན། །
བཞི་པ་ཕོག་པ་མཐོལ་ལོ་བཤགས། །
དད་པས་སེམས་ཅན་ཆོས་ཀྱི་རྒྱུ། །
གཞན་གྱི་གཏམ་བྱེད་བྱང་ཆུབ་སེམས། །
ཡན་ལག་ཉེས་པ་ལྔ་པ་ཡིན། །
ལྔ་པ་ཕོག་པ་མཐོལ་ལོ་བཤགས། །
ཉན་ཐོས་ནང་དུ་ཞག་བདུན་འདས། །
ཡན་ལག་ཉེས་པ་དྲུག་པ་ཡིན། །
དྲུག་པ་ཕོག་པ་མཐོལ་ལོ་བཤགས། །
རྣལ་འབྱོར་ཡེ་ཤེས་མི་ཤེས་པར། །
ང་ནི་སྔགས་པ་ཡིན་ཟེར་བ། །
ཡན་ལག་ཉེས་པ་བདུན་པ་ཡིན། །
བདུན་པ་ཕོག་པ་མཐོལ་ལོ་བཤགས། །
སྣོད་མིན་སེམས་ཅན་ཐམས་ཅད་ལ། །
ཕྱི་ཡི་ཆོས་བཤད་ཡིན་པ་ལ། །
གསང་བའི་དོན་རྣམས་འཆད་པ་ནི། །
ཡན་ལག་ཉེས་པ་བརྒྱད་པ་ཡིན། །
བརྒྱད་པ་ཕོག་པ་མཐོལ་ལོ་བཤགས། །
ཞེས་པ་ནི་རྒྱུད་ལས་སོ། །དགེའོ།།