The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Praise of the Three Jewels—Tibetan

English | བོད་ཡིག

༄༅། །དཀོན་མཆོག་གསུམ་གྱི་བསྟོད་པ་བཞུགས།

 

རྒྱ་གར་སྐད་དུ། ཏྲི་རཏྣ་སྟོ་ཏྲཾ།

བོད་སྐད་དུ། དཀོན་མཆོག་གསུམ་གྱི་བསྟོད་པ།

 

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

 

དམིགས་མེད་ཆོས་ཀྱི་སྐུ། །

ལོངས་སྤྱོད་རྫོགས་པའི་སྐུ། །

ཅིར་ཡང་སྤྲུལ་སྐུ་ལ། །

གུས་པས་ཕྱག་འཚལ་ལོ། །

 

རྣམ་དག་ཆོས་ཀྱི་དབྱིངས། །

སྒྲུབ་པའི་འཕགས་ལམ་བརྒྱད། །

བསྟན་པའི་གསུང་རབ་ལ། །

གུས་པས་ཕྱག་འཚལ་ལོ། །

 

བྱང་ཆུབ་སེམས་རྣམས་དང༌། །

དགྲ་བཅོམ་དག་ལ་སོགས། །

རང་སངས་རྒྱས་རྣམས་ལ། །

གུས་པས་ཕྱག་འཚལ་ལོ། །

 

དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།

 

སློབ་དཔོན་དབྱིག་གཉེན།

Blazing jewels

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept